མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《འཛད་སྤྱོད་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ནས་དབུལ་
སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་
བསམ་འཆར་》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་16ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འཛད་སྤྱོད་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། (གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)
     《བསམ་འཆར》ནང་བསྟན་དོན། འཛད་སྤྱོད་དབུལ་སྐྱོར་ནི་སྤྱི་ཚོགས་ལས་རིགས་ཁག་གིས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོའི་ཐོན་རྫས་དང་ཞབས་ཞུ་བརྒྱུད་འཛད་སྤྱོད་བྱས་ཏེ་མི་འབོར་དབུལ་པོ་འབབ་འཕར་དབུལ་སྒྲོལ་ལ་རོགས་རམ་བྱེད་པའི་དབུལ་སྐྱོར་གྱི་བྱེད་ཐབས་ཤིག་དང་སྤྱི་ཚོགས་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པའི་ཐབས་ལམ་གལ་ཆེན་ཞིག་རེད། འཛད་སྤྱོད་དབུལ་སྐྱོར་ལག་བསྟར་ཤུགས་ཆེན་བྱེད་པ་དེ་སྤྱི་ཚོགས་ལས་རིགས་ཁག་སྐུལ་སློང་བྱས་ནས་ས་ཁུལ་དབུལ་པོའི་ཐོན་རྫས་དང་ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་བྱ་རྒྱུ་དང་ས་ཁུལ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད།
     《བསམ་འཆར》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས། མི་འབོར་དབུལ་པོ་བརྟན་པོའི་ངང་དབུལ་སྒྲོལ་དང་ས་ཁུལ་དབུལ་པོའི་འཕེལ་རྒྱས་མྱུར་པོར་སྐུལ་འདེད་གཏོང་རྒྱུར་དམིགས་པ། སྲིད་གཞུང་གིས་ཁྲིད་སྟོན་དང་སྤྱི་ཚོགས་མཉམ་ཞུགས། ཁྲོམ་རའི་འཁོར་རྒྱུག གསར་གཏོད་ལམ་སྲོལ་བཅས་མཐའ་འཁྱོངས། སྤྱི་ཚོགས་ཧྲིལ་པོ་འཛད་སྤྱོད་དབུལ་སྐྱོར་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་འཕེལ་རྒྱུར་ཤུགས་སྣོན་རྒྱག་པ། ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་ཟོག་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་ཟོག་གི་མཁོ་སྤྲོད་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ས་ཁུལ་དབུལ་པོའི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་བཅས་ལྷུ་ཚིག་ཁག་གི་འཛད་སྤྱོད་དབུལ་སྐྱོར་ལ་ཚོད་འཛིན་བཟོ་བའི་དཀའ་གནད་དང་། འགོག་རྐྱེན་སེལ་ནས་ས་ཁུལ་དབུལ་པོའི་ཐོན་རྫས་དང་ཞབས་ཞུ་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
     《བསམ་འཆར》ནང་བསྟན་དོན། སྤྱི་ཚོགས་ལས་རིགས་ཁག་སྐུལ་སློང་བྱས་ཏེ་ས་ཁུལ་དབུལ་པོའི་ཐོན་རྫས་དང་ཞབས་ཞུ་འཛད་སྤྱོད་རྒྱ་ཆེར་བཏང་ནས་རིམ་ཁག་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱིས་སྣེ་ཁྲིད་དེ་འཛད་སྤྱོད་དབུལ་སྐྱོར་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཤར་ནུབ་རྒྱུད་ཀྱི་ས་ཁུལ་གྱིས་འཛད་སྤྱོད་དབུལ་སྐྱོར་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་དམངས་གཉེར་ཁེ་ལས་སོགས་སྤྱི་ཚོགས་སྟོབས་ཤུགས་འཛད་སྤྱོད་དབུལ་སྐྱོར་ནང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས། ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་ཟོག་འཁོར་རྒྱུག་དང་བྲིན་ཚོང་ཐབས་ལམ་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་བཏང་ནས་མཁོ་སྤྲོད་འབྲེལ་མཐུད་ཐུབ་པ་དང་བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་ནས་འཁོར་རྒྱུག་ཞབས་ཞུའི་དྲ་ཚིགས་མགྱོགས་མྱུར་བསྐྲུན་དགོས། ཕྱོགས་ཡོངས་ནས་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་ཟོག་གི་མཁོ་སྤྲོད་ཆུ་ཚད་མཐོ་རུ་དང་སྤུས་ཚད་ལེགས་སུ་བཏང་ནས་ཞིང་ཞོར་ཐོན་ཟོག་ཚད་ལྡན་ཅན་གྱི་མ་ལག་མགྱོགས་མྱུར་བསྐྲུན་པ་དང་ཞིང་ཞོར་ཐོན་ཟོག་གཞི་ཁྱོན་ཅན་གྱི་མཁོ་སྤྲོད་ཆུ་ཚད་མཐོ་རུ་བཏང་ནས་ས་ཁོངས་རང་བཞིན་གྱི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་སྤུས་རྟགས་གཏོད་དགོས། ས་ཁུལ་དབུལ་པོའི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། འཆར་འགོད་དང་ཇུས་འགོད་ཡག་པོ་བཅས་བྱས་ནས་དྲིལ་བསྒྲགས་དང་འོས་སྦྱོར་ལ་ཤུགས་སྣོན་རྒྱག་དགོས།
     《བསམ་འཆར》ནང་བླང་བྱ་བཏོན་དོན། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ཡོད་ཀྱི་སྲིད་ཇུས་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་སྤྱི་ཚོགས་ཧྲིལ་པོ་འཛད་སྤྱོད་དབུལ་སྐྱོར་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཁེ་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ཞོར་ཐོན་ཟོག་བྲིན་ཚོང་དང་། སྤྲོ་གསེང་ཞིང་ལས། གྲོང་གསེབ་ཡུལ་སྐོར་བཅས་ནང་མི་འབོར་དབུལ་པོ་ཞུགས་ཚད་མང་དུ་གཏོང་དགོས། སྲིད་ཇུས་ཀྱི་ཐོག་ནས་སྐུལ་ལྕག་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་དབུལ་སྐྱོར་ནང་ལེགས་སྐྱེས་མངོན་གསལ་ཕུལ་མཁན་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ལ་བྱ་དགའ་སྤྲད་ནས་བསྔགས་སྐུལ་བྱེད་དགོས། ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་དབུལ་སྐྱོར་ལས་དོན་སྤེལ་ཚུལ་དེ་ཀྲུང་དབྱང་ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས། ཁ་གཏད་རོགས་སྐྱོར་ལས་དོན་བཅས་ཞིབ་དཔྱད་བྱེད་པའི་ནང་དོན་གལ་ཆེན་ལ་བརྩི་དགོས།

  
style="display:none;"