མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་18ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

        སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བསམ་འཆར་དང་གྲོས་འགོ་གསན་པ། ཧན་ཀྲེང་ཚོགས་འདུར་ཕེབས་པ།         
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》སྐོར་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་ལས་རིགས་ཀྱི་མི་སྣའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་པ་རེད།
       ཚོགས་འདུའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡུས་ཡུང་ཏིང་དང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་མ་ཧོའེ་ཏེ། སུའེ་ཙེར་ཡིད་རྟོན་དངུལ་བུན་གྱི་ཐའོ་ཏུང་། ཨ་ལི་པ་པ་ཚོགས་པའི་མཱ་ཡུན། ཀྲུང་གོ་ལྕི་བའི་འཕྲུལ་ཆས་ཚོགས་པ་ཚད་ཡོད་ཀུང་སི་དང་པོའི་ལིའུ་མིང་ཀྲུང་། ཀྲུང་ཁོའོ་ཧན་ཝུའུ་ཅི་ཀུང་སིའི་ཁྲེན་ཐེན་ཧྲི་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་མཁས་ཅན་གྱིས་གཏམ་བཤད་སྤེལ་བ་རེད། ཚང་མས་ན་ནིང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་རུང་ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད་ཅེས་བརྗོད་པ་དང་། 2019ལོའི་དཔལ་འབྱོར་དུས་བབ་དང་སྲིད་གཞུང་གི་ལས་དོན་ལ་དམིགས་ཏེ་ཚང་མས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ངེས་ཀྱི་འཕར་ཚད་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད། སྤྱི་ཁོག་སྲིད་ཇུས་ལེགས་སྒྲིག་དང་སྟངས་འཛིན། ཁེ་ལས་ཀྱི་དཀའ་ངལ་སེལ་བ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་མཐོར་གཏོང་། མིས་བཟོས་རིག་ནུས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ལི་ཁེ་ཆང་གིས་སྐབས་འགར་བཀའ་འདྲི་གནང་བ་དང་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་ཆབས་ཅིག་གཏམ་བཤད་ཁྲོད་བཏོན་པའི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་སྡེ་ཚན་ལ་དུས་ཚོད་དམ་འཛིན་བྱས་ཏེ་ཞིབ་འཇུག་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
          ལི་ཁེ་ཆང་གིས་ན་ནིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པས་དཔལ་འབྱོར་འཕེལ་རྒྱས་ཐད་ལས་སླ་པོར་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་ཐོབ་ཡོད། འདི་ལོའི་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཆེ་བ་དང་ཕྱོགས་ཁ་ཤས་ཐད་གདེང་ཚོད་མི་འདང་བས་ཁྲོམ་རའི་སྔོན་དཔག་ལ་ཤུགས་རྐྱེན་ཐེབས་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་མགྱོགས་སུ་གཏོང་བ། སྲོལ་རྒྱུན་ཐབས་ལམ་ལ་མི་བརྟེན་པ། སྤྱི་ཁོག་སྙོམ་སྒྲིག་ཚོད་འཛིན་མུ་མཐུད་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཁོག་སྲིད་ཇུས་ཀྱི་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་དང་སྤྱོད་མཁས་པོ་བྱེད་པ། ཁ་ཕྱོགས་གཏན་འཁེལ་གྱི་སྙོམ་སྒྲིག་ཚོད་འཛིན་དང་། གནད་སྨིན་སྙོམ་སྒྲིག་ཚོད་འཛིན། བབ་བསྟུན་སྙོམ་སྒྲིག་ཚོད་འཛིན་བཅས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཁོག་སྲིད་ཇུས་ཀྱི་བརྟན་པོའི་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པ། རྒྱུན་ཆད་མེད་པར་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་མཚམས་སུ་རྒྱུན་འཁྱོངས་ཐུབ་པ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"