མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་23ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཧུང་སེན་གྱིས་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས་ན་ནིང་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་རྒྱུན་ཆད་མེད་པར་ཟབ་ཏུ་དང་བརྟན་དུ་ཕྱིན་ཡོད་ལ། ཕྱོགས་གཉིས་པོས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་མཐུད་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། མིག་སྔར་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས་མཉམ་ལས་ཀྱི་གཙོ་གནད་སྔར་བས་ཁ་གསལ་ཡོང་བ་བྱེད་པ་དང་འཕེལ་རྒྱས་ཀྱི་ཇུས་གཞི་འཆར་འགོད་བྱས་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེས་རང་ཉིད་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་སྐུ་ཞབས་དབུ་བཞུགས་བློན་ཆེན་གྱི་འགོ་ཁྲིད་འོག་ཁམ་ཕུ་ཁྲེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེས་ད་ཡོད་ཀྱི་རྨང་གཞིའི་ཐོག་ཆབ་སྲིད་དང་། དཔལ་འབྱོར། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཁྱབ་ཁོངས་ཆེན་པོ་བཞི་ཡི་མཉམ་ལས་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས། མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་ཀྱི་སྤེལ་རེས་བཅས་རྒྱ་ཆེར་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ། རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་སོགས་ལམ་སྲོལ་ནང་གི་སྦྲེལ་མཐུད་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཁམ་ཕུ་ཁྲེའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུ་མགྱོགས་སུ་བཏང་ནས་འགྲིམ་འགྲུལ་དང་། ཐོན་ནུས། ནུས་རྒྱུ། ཚོང་དོན། དམངས་འཚོ་སོགས་མཉམ་ལས་ཆེན་པོ་ལྔར་སྐུལ་འདེད་གཏོང་དགོས། རིག་གནས་དང་། ཡུལ་སྐོར། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉམས་གསོ། ན་གཞོན་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"