མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཏང་ཕྱིའི་མི་སྣ་ལྷན་དུ་དཔྱིད་གསར་དུས་ཆེན་བསུས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་30ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅།།ཞི་ཅིན་ཕིང་དང་ཏང་ཕྱིའི་མི་སྣ་ལྷན་དུ་དཔྱིད་གསར་དུས་ཆེན་བསུས་གནང་བ།

       ཟླ་1ཚེས་28ཉིན། ཞི་ཅིན་ཕིང་དང་། དབང་དབྱང་། ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཏང་ཕྱིའི་མི་སྣ་དང་དགའ་སྤྲོ་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་བསུས་གནང་བ།
       བརྟན་ཐོག་ཡར་བརྩོན་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་རེད། ང་ཚོས་ལས་དོན་སྒྲུབ་པར་བརྟན་ཐོག་ཡར་བརྩོན་དང་ཡར་རྒྱས་ཁྲོད་བརྟན་པོ་ཡོང་བ་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ནི་འདི་ལྟ་བུ་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱང་འདི་ལྟ་བུ་ཡིན། རང་རྒྱལ་གྱི་ལོ་40ཡི་སྒྱུར་བཅོས་སྒོ་དབྱེ་ནི་ཕྱོགས་ཡོངས་རེད་ལ་རིམ་བགྲོད་ཅིག་ཀྱང་རེད། ཆུ་ལ་དཔགས་ནས་རགས་རྒྱག་པའི་དཔེ་བཞིན་ཚོད་ལྟ་བྱེད་དགོས་པ་དང་། ཚོད་ལྟ་སྔོན་ལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཉམས་མྱོང་ཐོབ་རྗེས་ཁྱོན་ཡོངས་ལ་ཁྱབ་གདལ་གཏོང་བ་བཅས་བྱས་ཡོད། འདི་ནི་བརྟན་ཐོག་ཡར་བརྩོན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཞིག་ཡིན།
        བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་དང་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་ཐུན་མོང་ཐོག་གཏོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཤོག་ཁག་ལ་ཐུན་མོང་གི་ཕུགས་འདུན་ཡོད་ལ། ཐུན་མོང་གི་འགན་འཁྲི་ཡང་ཡོད་པས་ཏང་མང་མཉམ་ལས་ཀྱི་ལས་སྟེགས་རྒྱ་ཆེ་ལ་མདུན་ལམ་ཆེན་པོ་ཡོད།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ས་ཕག་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ཚེས་28ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་དགའ་སྤྲོ་ལྷན་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་བསུས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིར་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཕེབས་ཡོད་པ་རེད།
        ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་དང་དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ལིན་དབྱི་ཧྥུའུ་དང་ཝང་མིང་མིང་སོགས་ཕེབས་ཡོད་པ་རེད། གདན་ཞུས་ལྟར་ཕེབས་མཁན་གྲས་སུ་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་དང་། ཧོ་ཧོའུ་ཧྭ། ལེང་ཀྲེན་དབྱིང་དང་དེ་བཞིན་འགོ་ཁྲིད་ཀྱི་ལས་གནས་ནས་དགོངས་པ་ཞུས་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་ཨང་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད་པ་རེད།
         ཀའོ་ཡུན་ལུང་གིས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་ཞུས་ཏེ་ཤིས་ཚིག་བསྒྲོན་ཞིང་། ཁོང་གིས་2018ལོར་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་པ་དང་རྒྱལ་ནང་གི་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་ནུས་ལྡན་བཅག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་གོམ་སྟབས་གསར་པ་སྤོས་ཡོད། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། “མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར། མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། རྒྱ་ཆེའི་ཁོངས་མིར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས་ཀྱི”འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ཇུས་དང་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཀའོ་ཡུན་ལུང་གི་ཤིས་ཚིག་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གནང་ཞིང་། ཁོང་གིས་2018ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འཕེལ་རིམ་ནང་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད་ལ། ཏང་མང་མཉམ་ལས་བྱ་གཞག་ལ་རྣམ་པ་གསར་པ་གཏོད་པའི་ལོ་ཞིག་ཀྱང་རེད། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། 
         བརྟན་ཐོག་ཡར་བརྩོན་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པས་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་ཁྱབ་ཁོངས་ནང་དུ་རྒྱུན་འཁྱོངས་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་དང་དེ་བཞིན་ཕྱོགས་གཞན་ཐད་ཀྱི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཐུབ་པ། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་སོང་བ། ཕྱོགས་ཁག་གི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་ཕྱིན་པ། བརྟན་པོ་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་སོགས་ཕྱོགས་ཁག་གི་ལས་འགན་ལེགས་གྲུབ་བྱུང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མུ་མཐུད་ཆེ་རུ་སོང་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པར་འགོ་ཡག་པོ་ཚུགས་ཡོད་ཅེས་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་2018ལོ་ནི་དམངས་གཙོ་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བརྗེའི་རྗེས་ཀྱི་ལས་དོན་ཁག་སྤེལ་འགོ་ཚུགས་པའི་ལོ་ཞིག་རེད། ལོ་གཅིག་རིང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་གུང་ཀྲུང་དབྱང་གིས“ལྔ་གཅིག་འབོད་ཚིག”ཡོངས་བསྒྲགས་བྱས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རིམ་གྲས་སྤེལ་བ། ཏང་མང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། ཆབ་སྲིད་འབྲེལ་མཐུད་བྱེད་ཟབ་ཏུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཚང་མས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདིང་བ་དང་ལག་བསྟར་ནུས་ལྡན་བྱེད་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
       ཞི་ཅིན་ཕིང་གིས་བརྟན་ཐོག་ཡར་བརྩོན་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་རེད། ང་ཚོས་ལས་དོན་སྒྲུབ་པར་བརྟན་ཐོག་ཡར་བརྩོན་དང་ཡར་རྒྱས་ཁྲོད་བརྟན་པོ་ཡོང་བ་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ནི་འདི་ལྟ་བུ་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱང་འདི་ལྟ་བུ་ཡིན། རང་རྒྱལ་གྱི་ལོ་40ཡི་སྒྱུར་བཅོས་སྒོ་དབྱེ་ནི་ཕྱོགས་ཡོངས་རེད་ལ། རིམ་བགྲོད་ཅིག་ཀྱང་རེད། རྡོ་ལག་མྱུལ་བྱེད་བཞིན་ཆུ་སྒྲོལ་བ་ལྟར། ཚོད་ལྟ་སྔོན་ལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཉམས་མྱོང་ཐོབ་རྗེས་ཁྱོན་ཡོངས་ལ་ཁྱབ་གདལ་གཏོང་བ་བཅས་བྱས་ཡོད། འདི་ནི་བརྟན་ཐོག་ཡར་བརྩོན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཞིག་རེད། ཚང་མས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་ལག་བསྟར་ནན་ཏན་བྱས་ཏེ་ཏང་དང་སྲིད་གཞུང་གིས་དམངས་སེམས་དམངས་ཤུགས་གཅིག་སྒྲིལ་དང་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོགས་འདེགས་བྱེད་རྒྱུའི་རེ་བ་ཡོད། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་པ་དང་མཛེས་སྡུག་ལྡན་པའི་དུས་རབས་གསར་པ་ཐུན་མོང་ཐོག་གཏོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཤོག་ཁག་ལ་ཐུན་མོང་གི་ཕུགས་འདུན་ཡོད་ལ། ཐུན་མོང་གི་འགན་འཁྲི་ཡང་ཡོད་པས་ཏང་མང་མཉམ་ལས་ཀྱི་ལས་སྟེགས་རྒྱ་ཆེ་ལ་མདུན་ལམ་ཆེན་པོ་ཡོད། ཚང་མས་རང་འགུལ་ངང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཡོངས་ལ་སྲུང་སྐྱོང་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་རང་ངོས་རིགས་ཁོངས་ཀྱི་ཁྱད་ཆོས་དང་ཤེས་ལྡན་མི་སྣའི་བློ་རིག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འགོ་འཛུགས་གཞི་དང་། ཟུང་འབྲེལ་བྱེད་གཞི། ཤུགས་རྒྱག་གཞི་བཅས་གནད་ལ་འཁེལ་བ་བཙལ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་ནི་ཡང་དག་པའི་ཐབས་ཇུས་ཀྱི་རྩ་བའི་རྩལ་ནུས་ཤིག་ཡིན་ལ། སྲིད་ཞུགས་སྲིད་གླེང་གི་རྩ་བའི་རྩལ་ནུས་ཤིག་ཀྱང་རེད། ཐབས་ཇུས་འདིང་བ་ཁོ་ན་དཀའ་ལས་ཁག་པོ་དེ་ཙམ་མིན། དཀའ་ལས་ཁག་ཤོས་ནི་གནས་ཚུལ་གནད་ལ་འཁེལ་བའི་ངང་སྟངས་འཛིན་ཐུབ་པ་བྱེད་རྒྱུ་དེ་རེད། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཚང་མར་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད། གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཡང་ནས་ཡང་དུ་ཐོན་པ་དང་བྱེད་ཐབས་གསར་པ་དང་ཉམས་མྱོང་གསར་པ་རྒྱུན་ཆད་མེད་པར་ཐོན་པས་ང་ཚོས་ངོས་འཛིན་དང་ཕྱོགས་སྡོམ་རྒྱུན་ཆད་མེད་པར་བྱེད་ཟབ་ཏུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་དང་སྦྲགས། ཁོང་གིས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱེད་ཟབ་ཏུ་གཏོང་བ། ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཏང་དང་རྒྱལ་ཁབ་ཀྱི་མིག་སྔའི་ལས་དོན་ལ་འཕྲད་པའི་གནད་དོན་མངོན་གསལ་དོད་པོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།
       ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད་ལ། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་རེད། ཚང་མས་ལོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་ཐོབ་པའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་དུས་རབས་གསར་པའི་ཏང་མང་མཉམ་ལས་ཀྱི་ཐུན་མོང་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་རང་རྒྱལ་གྱི་སྲིད་ཏང་གི་ལམ་ལུགས་གསར་པ་མཐའ་འཁྱོངས་ཡག་པོ་བྱེད་པ་དང་། འཕེལ་རྒྱས་ཡག་པོ་གཏོང་བ། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། དུས་ཡུན་རིང་པོའི་ནང་ཀྲུང་གོ་གུང་ཁྲན་ཏང་དང་ཕྱར་བ་གྲུ་འདེགས་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་ཆབ་སྲིད་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"