མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྣོད་བཅུད་ཤེས་དཔལ་
འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་
མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་
ཡག་པོ་སྲུང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་07ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྣོད་བཅུད་ཤེས་དཔལ་
འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་
མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་
ཡག་པོ་སྲུང་དགོས་པའི་ནན་བཤད་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཁོངས་གཏོགས་ཚོགས་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ནང་སོག་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྣོད་བཅུད་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ། སྣོད་བཅུད་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཡག་པོ་སྲུང་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ཀྱི་འཐུས་མི་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས། ཨོ་ཝུན་ཁེ་རིགས་ཀྱི་འཐུས་མིས་ཞི་ཅིན་ཕིང་མཆོག་ལ་མཇལ་དར་སྔོན་པོ་ཞིག་བསྒྲོན་ཏེ་ནང་སོག་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་གུས་བཀུར་ཚད་མེད་ཞུ་ལུགས་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ལྷག་བསམ་རྣམ་དག་གི་འཚམས་འདྲི་བརྒྱུད་ཞུ་གནང་བ་རེད།
         ཀྲང་ཅི་ཤིན་དང་། ཡུས་ལི་ཤིན། ལི་ཡུས་ལེའང་། སུའོ་ཧྲུའུ་ཧུའེ། ཝུའུ་ཡུན་པོ། ཀྲའོ་ཅང་ཐའོ། ལིའུ་ཡ་ཧྲེང་། ཀུང་མིང་ཀྲུའུ་སོགས་འཐུས་མི་བརྒྱད་ཀྱིས་གཞི་རིམ་གྱི་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། ནད་ཆེན་ཐ་སྐྱོང་གི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཀྱི་ནུས་རྒྱུའི་དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་གནད་དོན་ཐད་ཁག་སོ་སོར་གཏམ་བཤད་སྤེལ་བ་རེད། ཞི་ཅིན་ཕིང་གིས་དུས་ངེས་མེད་ཐོག་ཚང་མ་དང་སྤེལ་རེས་གནང་རྗེས་མཇུག་མཐར་གསུང་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོན་པ་མ་ཟད། འདི་ལོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་དང་བླང་བྱ་བསྟན་ཡོད་པས་ཡོངས་སུ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་ནང་སོག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ནས་ནང་སོག་གི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། བརྟན་པོ་དང་སྐུལ་གཏོང་དབར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་གཏོང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ངང་སྐུལ་མ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ཐུགས་རེ་གནང་བ་རེད།
        ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་རང་རེའི་ཏང་གི་དགོངས་པ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་ཡོད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པའི་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་དེའི་ཁྲོད་ཀྱི་གྲས་ཤིག་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རིང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱ་རྒྱུ་ནི་དེའི་ནང་གི་གཞི་རྩའི་མཛད་ཇུས་ཤིག་ཡིན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད་ལྗང་མདོག་ནི་དེའི་ཁྲོད་ཀྱི་འདུ་ཤེས་ཆེ་གྲས་ཤིག་ཡིན་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་ཁྲོད་སྦགས་བཙོག་འགོག་བཅོས་ནི་དེའི་ཁྲོད་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་ཞིག་ཡིན། “གཅིག་རེ་བཞི”ཡི་ཐོག་ནས་རང་རེའི་ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆོས་ཉིད་ལ་སྟངས་འཛིན་བྱེད་སྟངས་མངོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གནས་བབ་མངོན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཏང་གི་བཀོད་སྒྲིག་དང་བླང་བྱ་མངོན་ཡོད། དེར་བརྟེན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་རྩ་བའི་ཆ་ནས་བརྗོད་ན་གཅིག་གྱུར་དམ་ཟབ་དང་གཅིག་ཕན་གཅིག་རོགས་ཡིན་ཞིང་། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་དཀའ་ངལ་ཕྲན་བུ་འཕྲད་པའི་རྐྱེན་གྱིས་ལས་གཞི་འགྲེམས་པ་དང་རྣམ་གྲངས་འགོ་བཙུགས་ནས་ཁོར་ཡུག་བློས་གཏོང་གིས་དཔལ་འབྱོར་འཕར་ཐབས་བྱེད་པའི་བསམ་བློ་གཏོང་བ་དང་ཐ་ན་ཐབས་བརྒྱ་ཇུས་སྟོང་ངང་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལས་ཚད་བརྒལ་ཡོང་ཐབས་བྱེད་མི་རུང་། རང་རྒྱལ་དུ་དཔལ་འབྱོར་འཕར་ཚད་མགྱོགས་པའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་རིང་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་ནི་མཆོང་སྐྱོད་ཡོང་བར་བྱེད་པའི་འགག་སྒོ་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་རིག་པ་བསྒྲིམས་ནས་དཀའ་ངལ་སྣ་ཚོགས་ལས་ཡང་ཡང་སྒྲོལ་ཐུབ་པ་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་དང་། ལྷོད་གཡེང་མི་གཏོང་བ། ཁ་མི་ཤོར་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་སྣོད་བཅུད་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བར་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་གི་འབྲེལ་བ་སྤྱི་འདོམས་ཡག་པོ་བྱས་ཏེ་འཐབ་ཇུས་ཀྱི་ངེས་གནས་དང་འཚམ་པ་དང་། ནང་སོག་གི་ཁྱད་ཆོས་མངོན་པ། སྣོད་བཅུད་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཧུར་ཐག་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པར་རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་འཆར་འགོད་གཞི་འཛིན་སར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དང་། ཞིང་ལས། སྣོད་བཅུད་བར་མཐོངས་དང་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག ཡུན་གནས་ཀྱི་གཞི་རྩའི་ས་ཞིང་སྲུང་སྐྱོང་གི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་དབྱེ་མཚམས་བཅས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་། ཐོན་ལས་འཕེལ་རྒྱས་འཆར་འགོད། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བའི་བརྒལ་མི་རུང་བའི་དམར་ཐིག་བཅས་ལ་བརྩིས་ནས་ས་གནས་ཐོན་ཁུངས་ཀྱི་རང་སྤུས་ཁྱད་ཆོས་ལ་གཞི་ཚུགས་པ་དང་ས་གནས་ཀྱི་ལེགས་ཆ་དང་ཁྱད་ཆོས་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་ཁོར་ཡུག་དང་དམངས་འཚོ་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན་ལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཀྱི་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ཞིག་ཀྱང་རེད། འགག་སྒྲོལ་གྱི་ཤུགས་ཚད་དང་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། “ཐོར་ཟིང་བཙོག་གསུམ”གྱི་ཁེ་ལས་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ནས་གཙོ་གནད་ས་ཁོངས་ཀྱི་རླུང་ཁམས་ཆེན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་། གསར་སྤེལ་ཁུལ། བཟོ་ལས་ཁུལ་བཅས་ཀྱི་བཙོག་ཆུ་ཐག་གཅོད་ཀྱི་སྒྲིག་བཀོད་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ནང་སོག་གི་ཧུའུ་ལུན་མཚེའུ་དང་། ཝུའུ་ལེང་སུའུ་རྒྱ་མཚོ། ཏའེ་ཧའེ་རྒྱ་མཚོ་བཅས་ཀྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་རྣག་ཐོག་བཙག་འཁེལ་གྱི་སྒོ་ནས་དོན་འཁྱོལ་ཏན་ཏིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་ལས་འགན་ཧ་ཅང་ལྕི་པོ་ཡོད། ནང་སོག་གིས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་རྒྱུའི་འགན་ལེན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ། དམངས་འཚོ་འགན་ལེན་གྱི་ཆུ་ཚད་བརྟན་པོའི་ངང་གོང་མཐོར་གཏོང་བ། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
       ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོའི་ནང་རང་རེའི་ཏང་གིས་དཀའ་སྤྱད་འབད་འཐབ་དང་ཧུར་བསྲིས་གྲོན་ཆུང་བྱས་ནས་རླབས་ཆེན་གྱི་བྱ་གཞག་བཏོད་ཡོད། ད་ཆ་ང་ཚོས་སྔར་བཞིན་དགོངས་པ་དེར་གཞིགས་ཏེ་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། ལྟོ་གོས་འཛོམས་ཀྱང་འཆར་གཞི་ཡག་པོ་མ་བྱུང་ཚེ་ནམ་ཡང་དབུལ་པོར་འགྱུར་སྲིད། ཏང་དང་སྲིད་གཞུང་གིས་སྣེ་ཁྲིད་དེ་གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་བའི་དམིགས་ཡུལ་ནི་མི་སེར་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད་ཡིན། དེ་ནི་རང་རེའི་ཏང་གི་དམིགས་ཡུལ་དང་ངོ་བས་ཐག་བཅད་པ་ཞིག་རེད། ང་ཚོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ཇི་ལྟར་ཕྱིན་པ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཇི་ལྟར་བྱུང་རུང་དཀའ་སྤྱད་འབད་འཐབ་དང་ཧུར་བསྲིས་གྲོན་ཆུང་བྱེད་པའི་བསམ་བློ་དེ་ནམ་ཡང་དོར་མི་རུང་། དཀའ་སྤྱད་འབད་འཐབ་དང་ཧུར་བསྲིས་གྲོན་ཆུང་ནི་ང་ཚོས་སྔར་ནས་ད་བར་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་ལ། ང་ཚོས་སྔར་སོང་རྒྱུན་འཛིན་དང་སླར་ཡང་འོད་སྟོང་གཏོད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།

  
style="display:none;"