མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང། ལི་ཁེ་ཆང་།  ཝང་ཧུའུ་ཉིང། ཧན་ཀྲེང་བཅས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་
མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་10ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང། ལི་ཁེ་ཆང་།  ཝང་ཧུའུ་ཉིང། ཧན་ཀྲེང་བཅས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་
མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ།

        “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་འཆར་བའི་སྐབས་སུ་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བུད་མེད་ཀྱི་འཐུས་མི་དང། བུད་མེད་ཀྱི་ཨུ་ཡོན། བུད་མེད་ལས་དོན་པ་བཅས་དང་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོར་དུས་ཆེན་ལ་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཅས་ཚེས་8ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་འཐུས་མི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་ནང་ཞུགས་པ་རེད།
         “གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་འཆར་བའི་སྐབས་སུ་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་བུད་མེད་ཀྱི་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ་བཅས་དང་དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད། 
        ཞི་ཅིན་ཕིང་ཧོ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་ཝང་ཤིན་ཝེ་དང་། ཝང་ཏུའུ་ཅོན། ཐང་ཡུས་ཞང་། སུང་ཧུའུ་ཀྲེན། ལི་ལེན་ཁྲེང་། ཀའོ་ཅན་ཅུན། ལི་་་་་
ཧུང་ཞྭ། ཧོང་ཅིའུ་ཧྲེང་སོགས་འཐུས་མི་བརྒྱད་ཀྱིས་སྔ་རྗེས་སུ་སྒོ་དབྱེ་འཕེལ་རྒྱས་དང་། རྩེར་སོན་སྒྲིག་ཆས་བཟོ་སྐྲུན་གྱི་ཀྲུང་གོའི་མིང་བྱང་གཏོད་པ། སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཕྱིར་སྐྱོད་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་པའི་ཕུགས་འདུན་བརྒྱད། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ། གསར་གཏོད་གཞི་རྒྱུ་སྐྱེད་སྲིང་། ཕ་ཡུལ་གྱི་གཉེན་ཉེ་དང་ཏང་གི་བཀའ་དྲིན་ལ་དྲིན་གཟོ་བ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བཏོན་པ་རེད། ཞི་ཅིན་ཕིང་གིས་ད་ཕན་ལོ་ཤས་རིང་ཧོ་ནན་ལ་ཐོབ་པའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་ཧོ་ནན་གྱི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ། དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་མཇུག་བསྡུ་རྒྱུར་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཧོ་ནན་ནི་ཞིང་ལས་ཞིང་ཆེན་ཞིག་རེད་ལ། མི་འབོར་ཆེ་བའི་ཞིང་ཆེན་ཆེན་པོ་ཞིག་ཀྱང་རེད།“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ཧོ་་་་
ནན་གྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཞིང་ལས་ཞིང་ཆེན་ཡིན་པའི་ཧོ་ནན་གྱི་ཞིང་ལས་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་ཀྱིས་རྒྱལ་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། འབྲུ་རིགས་ཐོན་སྐྱེད་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་ལྟེ་བའི་ཁུལ་གལ་ཆེན་བསྐྲུན་རྒྱུར་དམིགས་ནས་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་ཐོན་ནུས་བརྟན་པོའི་ངང་མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ཐད་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལྟེ་བའི་འགྲན་ནུས་ལྡན་པའི་འབྲུ་རིགས་ཀྱི་དམ་འཛིན་གྱིས་འབྲུ་རིགས་ཀྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། རིན་གོང་འཁོར་འབྲེལ་མཐོ་རུ་གཏོང་བ། མཁོ་སྤྲོད་ཀྱི་འཁོར་འབྲེལ་གཏོད་པ་བཅས་བྱས་ནས་ཞིང་ལས་སྤུས་ཚད་ཀྱི་ཕན་འབྲས་དང་འགྲན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག་འབྲུ་རིགས་ཀྱི་བདེ་འཇགས་དང་དེང་རབས་ཕན་ཆེའི་ཞིང་ལས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལོ་གསུམ་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། ཞིང་ལས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་གྲོང་གསེབ་ཀྱི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཞིང་ཞོར་ཐོན་རྫས་དང་ཐོན་ཁུལ་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཀྱི་རྫས་ལུད་དང་ཞིང་སྨན་ཉུང་་
གཏོང་བྱ་སྤྱོད་སྤེལ་བ། ཞིང་ལས་ཐོན་ཟོག་གི་ཐོན་སྐྱེད་བྱེད་གནས་ཀྱི་ཁུངས་འདེད་ལམ་ལུགས་དང་སྤུས་ཚད་མཚོན་རྟགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཟའ་བཅའི་བདེ་འཇགས་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ་མི་སེར་ཚོས་བདེ་འཇགས་དང་བློ་བདེའི་ཞིང་ལས་ཐོན་ཟོག་སྤྱོད་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་དང་གཞི་རྩའི་སྨན་བཅོས་འགན་བཅོལ། ནད་ཆེན་འགན་བཅོལ་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་། བུད་མེད། རྒན་རྒོན་བཅས་ལ་བྱམས་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་པ་རེད། 
         ཞི་ཅིན་ཕིང་གིས་དབུལ་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ནི་འདི་ལོ་དང་སང་ལོ་ངེས་པར་དུ་སྒྲུབ་དགོས་པའི་ལྡོག་མེད་ཀྱི་ལས་འགན་ཞིག་རེད། ཡང་འབད་བསྐྱར་འབད་དང་། དམིགས་ཚད་དམ་བཟུང་། གནད་སྨིན་ཇུས་བསྟར། གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་དུས་བཀག་དང་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་བྱེད་དགོས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་དང“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་སྤྱི་འདོམས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
      ལི་ཁེ་ཆང་ཧུའུ་པེ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། འཐུས་མི་ཅང་ཁྲའོ་ལེང་དང་། ཝང་ཤའོ་ཏུང་། ཡན་ཀྲེ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ལི་ཁེ་ཆང་གིས་ན་ནིང་ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པར་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། ཧུའུ་པེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་འགྲན་སློང་བྱེད་ཕོད་པ་བྱས་ནས་དཔལ་འབྱོར་བརྟན་པོའི་་་་
ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས།
         ཝང་ཧུའུ་ཉིང་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། འཐུས་མི་ཧུའུ་ཝུའེ་ལིན་དང་། ཀུང་ཧྲུའུ་ཀོང་། ལེའོ་རེན་དབང་སོགས་ཀྱི་གཏམ་བཤད་གསན་རྗེས། ཝང་ཧུའུ་ཉིང་གིས་ཧུའུ་ནན་གྱི་ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་དང་འབྲེལ་ཧུའུ་ནན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་ཧུའུ་ནན་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་ནས “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས།
       ཧན་ཀྲེང་པེ་ཅིང་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས། འཐུས་མི་ཚའེ་ཆི་དང་། ཁྲེང་ཅེ་ཉིང་། ཧྥང་གཡོད་ཕིང་སོགས་ཀྱི་གཏམ་བཤད་གསན་རྗེས་ཧན་ཀྲེང་གིས་འདི་ལོ་རང་རྒྱལ་གྱི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཆ་རྐྱེན་མང་པོ་འཛོམས་ཡོད་ལ། ཉེན་ཁ་དང་འགྲན་སློང་ཡང་དེ་བས་མང་པོ་འཕྲད་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གནད་ལ་འཁེལ་བའི་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་མངོན་འགྱུར་བྱེད་དགོས་ཞེས་གསུངས།
ཧུའུ་ཁྲུན་ཧྭ་དང་། ཧོང་ཁུན་མིང་། ཚའེ་ཆི་སོགས་གྲོས་ཞིབ་ལ་ཞུགས་ཡོད་པ་རེད།

  
style="display:none;"