མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་པའི་དོན་རྐྱེན་ལ་ཞི་ཅིན་ཕིང་
གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ས་ཧོ་ལེ ཨའོ་ཁེ་དང་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐར་
འཚམས་འདྲིའི་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་13ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་11ཉིན། ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་པའི་དོན་རྐྱེན་ཐོན་ནས་མི་སྣ་མང་པོ་རྐྱེན་ལམ་དུ་ཤོར་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ས་ཧོ་ལེ—ཨའོ་ཁེ་དང་ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གི་འཚམས་འདྲིའི་གློག་འཕྲིན་ནང་འཁོད་དོན། ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷུངས་པའི་གནས་ཚུལ་གློ་བུར་དུ་ཤེས་བྱུང་། ལས་འཛོལ་ནང་ཨེ་ཙེ་ཨོ་ཕི་ཡ་དང་། ཁེན་ནི་ཡ། ཀྲུང་གོ་བཅས་ཀྱི་སྤྱི་དམངས་ཚུད་པའི་མི་མང་པོ་རྐྱེན་ལམ་དུ་ཤོར་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མིའི་ནང་མིར་ཡང་སེམས་གཏིང་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ཨེ་ཙེ་ཨོ་ཕི་ཡ་སྲིད་གཞུང་གིས་རྗེས་འཇུག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཡིད་ཆེས་ཡོད་ལ་ཀྲུང་གོ་ཕྱོགས་ཀྱིས་ཀྱང་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
     ཉིན་དེ་རང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྱང་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་ཞིང་། འཚམས་འདྲིའི་གློག་འཕྲིན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་མིའི་ནང་མིར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

  
style="display:none;"