མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།  

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་14ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     དབང་དབྱང་གིས་གཙོ་སྐྱོང་གནང་བ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་ཕྱི་དྲོར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད(འཆར་ཟིན)དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་དཔྱད་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ལྷན་གྱི་གྲོས་གཞི་ཨུ་ལྷན་གྱི་སྙན་སྒྲོན(འཆར་ཟིན) རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད(འཆར་ཟིན)བཅས་ལ་གྲོས་འཆམ་བྱུང་ཞིང་། ཚོགས་འདུའི་ཐོག་གོང་སྨོས་ཡིག་ཆའི་འཆར་ཟིན་དག་ཟླ་3ཚེས་13ཉིན་གྱི་སྔ་དྲོར་འཚོགས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་མཇུག་འགྲིལ་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
     རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཚོགས་འདུའི་གྲོས་རིམ་དང་ཉིན་རེའི་གྲོས་རིམ་ལྟར་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། ཨུ་ཡོན་ཚོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། གྲོས་གཞིའི་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་དང་གྲོས་ཆོད་ཁག(འཆར་ཟིན)ལ་གྲོས་ཞིབ་ནན་ཏན་གནང་ནས། ལོ་གཅིག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ཁག་ལ་ཐོབ་པའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པར་གདེང་འཇོག་གང་ལེགས་གནང་བ་དང་། གྲོས་འདོན་སྲིད་སྐྱོང་དང་ངོས་འཛིན་གཅིག་གྱུར་གྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་དེ་བས་འཐུས་ཚང་དང་དེ་བས་ཚགས་ཚུད་པོ་ཡོང་བར་སྐུལ་མ་གཏོང་བ་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད། ཨུ་ཡོན་ཚོས་རང་སོ་སོའི་རིགས་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་འགོད་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་ཀྱི་འཆར་ཟིན། “ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་བསྡུར་ནན་ཏན་གནང་བ་མ་ཟད། རིགས་ཁོངས་ཀྱི་གྲོས་མོལ་གྲོས་བསྡུར་ནང་ཧུར་ཐག་ཞུགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་དམིགས་པ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་སོགས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ། རང་འགན་གཙང་སྒྲུབ་ཀྱིས་ངོས་འཛིན་གཅིག་གྱུར་དང་། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་རྒྱ་ཁྱབ་ཏུ་བྱས་པར་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད།

  
style="display:none;"