མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་
ཚོགས་ལ་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་14ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་
ཚོགས་ལ་ཞུགས་པ།

        ཟླ་3ཚེས་12ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བཞིན་པ།
       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཤིང་། ཁོང་གིས་འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱའི་འབད་འཐབ་དམིགས་ཚད་དང་པོ་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། རང་དམག་འཛུགས་སྐྱོང་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་བྱེད་པ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་2020ལོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་སྒྲོལ་ལོ་ཞིག་ཀྱང་རེད། དམག་ཡོངས་ཀྱིས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་གྱི་མཐོ་ཚད་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་བྱེད་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། ཆོད་སེམས་དང་བློ་སྟོབས་བརྟན་དུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བློ་རྩ་བརྟན་པོས་གསར་འབྱེད་ཡར་བརྩོན་བྱེད་པ། འཆར་འགོད་དོན་འཁྱོལ་གྱི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་རྒྱག་པ་བཅས་བྱས་ཏེ་གཏན་འཁེལ་ཟིན་པའི་དམིགས་ཚད་དང་ལས་འགན་དུས་བཀག་ལྟར་བསྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
       ཚོགས་འདུའི་ཐོག་ཀྲང་དབྱི་ཧུའུ་དང་། ཝང་ཧུའེ་ཆིང་། ལི་ཅུན། ཀྲུའུ་ཁྲེང་། ཝང་ཉིང་། པའོ་ལིན། ཏང་ཙེང་ལུང་། ཁྲེན་ཅན་ཧྥེ་སོགས་འཐུས་མི་8ཀྱིས་དམག་དོན་དགོས་མཁོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། རང་དམག་འཛུགས་སྐྱོང་འཕེལ་རྒྱས་ཀྱི་འཆར་འགོད་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། དྲག་ཆས་དཔུང་སྡེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། མཐའ་སྲུང་དམག་དཔུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་དཔོན་དམག་གི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་པ། རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་གཏམ་བཤད་གནང་བ་རེད།
        འཐུས་མིས་གཏམ་བཤད་གནང་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དམག་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། དམག་གྲབས་དམག་རྒྱག་གི་ནུས་ཤུགས་གཅིག་ཏུ་སྒྲིལ་བ། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
        ཞི་ཅིན་ཕིང་གིས་དམག་དཔུང་འཛུགས་སྐྱོང་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐད་གཙོ་གནད་ཐོག་བླང་བྱ་བཏོན་གནང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནི་2020ལོའི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་མཇུག་བསྡུའི་ལས་དོན་གྱི་འཆར་འགོད་ཅིག་ཡིན་པས་མཇུག་ཡག་པོ་བསྡུ་ཐུབ་མིན་དེ་ཧ་ཅང་གལ་ཆེན་རེད། དེས་ན་ངེས་པར་དུ་སྤྱི་འདོམས་མཐུན་སྦྱོར་དང་། གཙོ་གནད་ཚད་བརྒལ། འགན་འཁྲི་དོན་འཁྱོལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་དམ་འཛིན་ནན་པོ་བྱས་ཏེ་དུས་བཀག་བཞིན་སྒྲུབ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་འཆར་འགོད་ཁ་གསལ་གྱི་སྤྱིའི་བཀོད་ཇུས་ལ་དམིགས་ཏེ་དམག་དོན་འཐབ་རྩོད་གྲ་སྒྲིག་གི་འཕྲལ་མཁོ་དང་། དམག་རྒྱག་མ་ལག་གི་འགག་རྩའི་འདེགས་སྐྱོར། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་ལེ་ལག་ཚང་བ་སོགས་ཀྱི་གཙོ་གནད་རྣམ་གྲངས་ལ་དམ་འཛིན་མངོན་གསལ་དོད་པོ་བྱས་ནས་འཛུགས་སྐྱོང་གི་ལས་འགན་གལ་ཆེན་དོན་འཁྱོལ་ཐུབ་པ་དང་འགག་རྩའི་ནུས་པའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛུགས་སྐྱོང་འཕེལ་རིམ་མགྱོགས་སུ་གཏོང་བ། དུས་ཚོད་དང་མཚམས་ཚིགས་དང་སྤུས་ཚད་ཀྱི་བླང་བྱར་གཞིགས་པ་བཅས་བྱས་ནས་འཕེལ་རིམ་དང་ཚད་གཞི་གཉིས་ཀར་དམ་འཛིན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་ནི་ང་ཚོའི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་ལེགས་ཆ་རེད། དམག་དཔུང་གིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་རོགས་སྐྱོར་ཧུར་ཐག་བྱས་ཏེ་ཉེན་སེལ་གེགས་སེལ་སོགས་ཀྱི་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ལས་འགན་འཁུར་ཕོད་པ་བྱས་ནས་གནས་གཏན་འཁེལ་ངང་གྲོང་ཚོ་དབུལ་པོ་དང་མང་ཚོགས་དབུལ་པོར་རོགས་སྐྱོར་བྱེད་པའི་ལས་དོན་ལེགས་པར་སྒྲུབ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ནས་དམག་ཞབས་ཐིམས་པའི་དམག་མི་བཀོད་སྒྲིག་དང་། རྨས་སྐྱོན་ཕོག་པ་དང་། ནད་གཞི་ཕོག་པ། དབང་པོ་སྐྱོན་ཅན་གྱི་དམག་མི་རྩིས་སྤྲོད། དམག་དཔུང་དང་མཉམ་ཡོད་ཁྱིམ་མི་ལས་ཞུགས། དམག་མིའི་བུ་ཕྲུག་སློབ་ཞུགས་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པ། རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་པའི་རྗེས་མཐུད་ལས་དོན་ལེགས་པར་བསྒྲུབ་རྒྱུར་གཞོགས་འདེགས་བཅས་བྱས་ནས་ཐུན་མོང་ཐོག་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

  
style="display:none;"