མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་
འགྱུར་སྤེལ་གཏོང་ནང་ཞུགས་མཁན་གསར་འགྱུར་ལས་དོན་པར་གཟིགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་15ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་སྤེལ་གཏོང་ལས་དོན་ནང་ཞུགས་མཁན་མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། འོད་ཟེར་ཉིན་རེའི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཀྲུང་གོ་ཉིན་རེའི་ཚགས་པར། མི་དམངས་སྲིད་གྲོས་ཚགས་པར། ཀྲུང་གོ་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ཚན་པ་གཙོ་བོ་དང་དེ་བཞིན་ཀྲུང་གོ་སྲིད་གྲོས་དུས་དེབ་ཁང་གི་འགན་འཁུར་བློ་མཐུན་དང་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་མིར་གཟིགས་པ་དང་འབྲེལ་ཚོགས་ཆེན་གྱི་གསར་འགྱུར་སྤེལ་གཏོང་ནང་ཞུགས་མཁན་ལས་དོན་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
     དབང་དབྱང་གིས་གསར་འགྱུར་ཚན་པ་ཁག་གིས་ཚོགས་འདུ་ཡག་པོ་འཚོག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཚོགས་འདུའི་ཐོག་དང་ཚོགས་འདུ་གྲོལ་རྗེས་དང་དྲ་ཐོག་དང་དྲ་ཕྱི་འབྲེལ་མཐུད་མཉམ་འགུལ་མཐའ་འཁྱོངས། ཚགས་པར་དང་། དྲ་བ། དུད་སྣེ། སྐད་འཕྲིན་། བརྙན་ཤེལ་བཅས་མཐུན་སྦྱོར་ཤུགས་འདོན་མཐའ་འཁྱོངས་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་དང་། མཐོང་ཟུར་མང་བ། 
     རིམ་པ་མང་བ་བཅས་ཀྱི་ཐོག་ནས་མི་དམངས་སྲིད་གྲོས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲི་གཙང་སྒྲུབ་བྱེད་པའི་གྲུབ་འབྲས་དྲིལ་བསྒྲགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་དོན་གླེང་བའི་ནང་ཞུགས་པ་དང་སྲིད་གླེང་ཇུས་འདོན་གྱི་ཉམས་འགྱུར་དྲིལ་བསྒྲགས་བྱས་ནས་བརྗོད་དོན་གཙོ་བོ་དར་སྤེལ་བཏང་བ་དང་། དྲང་ནུས་གཅིག་ཏུ་བསྒྲིལ་བ། དྲ་ཐོག་དང་དྲ་ཕྱི་གཅིག་མཐུན་ཡོང་བ་བྱས་ཏེ་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
     དབང་དབྱང་གིས་ཚང་མས་གཙོ་རྒྱུན་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཚད་བཅས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་ཡིད་ཆེས་ཆེ་བ་དང་། དམངས་སེམས་གཅིག་བསྒྲིལ། མི་སེམས་དྲོ་བ། སེམས་པ་མཐུན་པ་བཅས་ལ་དམིགས་ནས་ཀྲུང་གོའི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་དང་། སྲིད་གྲོས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཐད་ཕྱོགས་གཉིས་ནས་ཤུགས་རྒྱག་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་མངོན་པར་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཞ་པའོ་ལུང་སོགས་ལྷན་དུ་ཕེབས་ཡོད་པ་རེད། 

  
style="display:none;"