མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་
དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་20ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་
དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།

     ཟླ་3ཚེས་18ཉིན། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
     བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་གྱི་རྩ་བའི་ལས་འགན།
     ● བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཡག་པོ་གཉེར་རྒྱུའི་ཆེས་རྩ་བ་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་སྣ་གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་དེ་ཐག་གཅོད་ཡག་པོ་བྱེད་དགོས། 
     ●རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བྱ་གཞག་ལ་དམིགས་ནས་མི་རབས་ནས་མི་རབས་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་ཞུ་མཁན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཆེད་ཚེ་གང་འབད་འཐབ་བྱེད་མཁན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་ངེས་པར་དུ་གསོ་སྐྱོང་བྱེད་དགོས། རྩ་བའི་གནད་དོན་དེའི་ཐད་ངེས་པར་དུ་དར་ཆ་གསལ་སྟོན་དང་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་རུང་།
     བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་གྱི་འགག་རྩ་དེ་དགེ་རྒན་ལ་ཐུག་ཡོད།
    ● ཆབ་སྲིད་ཀྱི་གོ་རྟོགས་མཐོ་པོ་ཡོད་དགོས། དད་སེམས་ཡོད་པའི་མི་སྣས་དད་སེམས་འཆད་ཁྲིད་བྱེད་དགོས།
    ● བརྩེ་སེམས་ཟབ་མོ་ལྡན་དགོས། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་རྒྱུན་འཁྱོངས་བྱས་ནས་དུས་རབས་ལ་དོ་ཁུར་དང་སྤྱི་ཚོགས་ལ་དོ་ཁུར་བྱེད་དགོས།
    ● བསམ་བློ་གསར་པ་ཡོད་དགོས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ཤེས་བྱ་དང་སློབ་ཚན་སློབ་ཁྲིད་ཀྱི་ནང་དོན་གསར་གཏོད་བྱེད་དགོས།
     ● མིག་རྒྱང་རིང་དུ་གཏོང་དགོས། ཤེས་བྱའི་མིག་རྒྱང་དང་། རྒྱལ་སྤྱིའི་མིག་རྒྱང་། ལོ་རྒྱུས་ཀྱི་མིག་རྒྱང་བཅས་རིང་དུ་གཏོང་དགོས།
     ● རང་འདོམས་ནན་པོ་བྱེད་དགོས། སློབ་ཁྲིད་དང་སློབ་གྲོལ་གཅིག་གྱུར་དང་། དྲ་ཐོག་དང་དྲ་ཕྱི་གཅིག་གྱུར་བཅས་བྱས་ནས་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱེད་དགོས།
     ● མི་གཤིས་དྲང་པོ་ཡོད་དགོས། མི་གཤིས་བཟང་པོ་ལྡན་ན་གཞི་ནས་ཡིད་དབང་འགུགས་ཤུགས་ལྡན་ཐུབ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོ། པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཡག་པོ་གཉེར་རྒྱུའི་ཆེས་རྩ་བ་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་སྣ་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་སྣ་གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཡིན། དུས་རབས་གསར་པའི་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། སློབ་གསོས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ལ་ཞབས་འདེགས་ཞུ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས། ཀྲུང་གོའི་ས་གཞི་ཆེ་མོར་སློབ་གསོ་གཉེར་རྒྱུར་རྩ་བ་བཙུགས་ནས་ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་ལག་ལེན་ཕན་ཚུན་ཟུང་འབྲེལ། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ཏེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཕོད་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་དང་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་རེད། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བྱ་གཞག་ལ་དམིགས་ནས་མི་རབས་ནས་མི་རབས་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་བརྩི་བཀུར་ཞུ་མཁན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཆེད་ཚེ་གང་འབད་འཐབ་བྱེད་མཁན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་ངེས་པར་དུ་གསོ་སྐྱོང་བྱེད་དགོས། རྩ་བའི་གནད་དོན་དེའི་ཐད་ངེས་པར་དུ་དར་ཆ་གསལ་སྟོན་དང་ཐེ་ཚོམ་སྤུ་ཙམ་ཡང་བྱེད་མི་རུང་། དེར་བརྟེན་ང་ཚོས་མི་རབས་རྗེས་མར་སློབ་གསོ་ཡག་པོ་རྒྱག་པ་དང་གསོ་སྐྱོང་ཡག་པོ་བྱ་རྒྱུ་དེ་སློབ་གྲྭ་ནས་དམ་འཛིན་དང་ཕྲུ་གུའི་དུས་ནས་དམ་འཛིན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་གྱི་འགག་རྩའི་སློབ་ཚན་ཞིག་རེད། གཞོན་ནུ་ལོ་ཆུང་གི་དུས་མཚམས་ནི་མི་ཚེའི་མྱུ་གུ་རྒྱས་པའི་དུས་ཡིན་པས། ཁྲིད་སྟོན་དང་གསོ་སྐྱོང་ཞིབ་ཚགས་བྱེད་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་གཉེར་བར། བདེན་ཡོད་སྤོབས་ཆེའི་སྒོ་ནས་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཡག་པོ་གཉེར་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བླ་སྲོག་ལ་བརྟེན་ནས་མི་སྣ་གསོ་སྐྱོང་། སློབ་མར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་སྟོབས་ཆེའི་སྙིང་སྟོབས། རྒྱལ་ཁབ་ལ་དྲིན་གཟོ་བའི་བྱ་སྤྱོད་བཅས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་འབྱོར་རྒྱལ་ཁབ་བསྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བཅས་ཀྱི་འབད་འཐབ་ནང་རང་རྟོགས་ངང་མཉམ་འདྲེས་ཐུབ་པ་བྱེད་དགོས། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་ནུས་པ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་དང་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་དཔུང་ཁག་གི་འགན་འཁྲི་ལྕི་པོ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་བསམ་བློ་ཆབ་སྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཐོག་མཐའ་བར་གསུམ་དུ་འཇོག་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་ཚན་མ་ལག་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་འཛུགས་སྐྱོང་ལ་རྩ་བའི་འགན་ལེན་བྱས་ཡོད། 
     ང་ཚོས་གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་འཕེལ་རྒྱས་ཀྱི་གནས་ཚད་གསར་པ་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་འཛུགས་སྐྱོང་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་ཡག་པོ་གཉེར་རྒྱུའི་འགག་རྩ་དེ་དགེ་རྒན་ལ་ཐུག་ཡོད་ལ། དགེ་རྒན་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱ་རྒྱུར་ཡང་ཐུག་ཡོད། བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་གྱིས་སློབ་མ་ཚོའི་སེམས་ཁམས་སུ་བདེན་ལེགས་མཛེས་གསུམ་གྱི་ས་བོན་བཏབ་སྟེ་སློབ་མ་ཚོར་མི་ཚེའི་ཐབ་ཆི་དང་པོ་དེ་ཡག་པོ་རྒྱག་རྒྱུར་ཁྲིད་སྟོན་བྱེད་དགོས། དེ་ཡང་གཅིག་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་པོ་ཡོད་དགོས། དད་སེམས་ཡོད་པའི་མི་སྣས་དད་སེམས་འཆད་ཁྲིད་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་ལྟ་མཁས་པོ་བྱས་ཏེ། ཡིན་མིན་ཆེ་མོའི་གནད་དོན་གྱི་མདུན་དུ་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་བརྩེ་སེམས་ཟབ་མོ་ལྡན་དགོས། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་རྒྱུན་འཁྱོངས་དང་སེམས་ནང་རྒྱལ་ཁབ་དང་མི་རིགས་བཞག་ནས་ཏང་དང་མི་དམངས་ཀྱི་རླབས་ཆེན་ལག་ལེན་ཁྲོད་དུས་རབས་ལ་དོ་ཁུར་དང་སྤྱི་ཚོགས་ལ་དོ་ཁུར་གྱིས་འཚོ་བཅུད་བསྡུ་ལེན་དང་བསམ་བློ་ཕུན་སུམ་ཚོགས་སུ་གཏོང་དགོས་པ། གསུམ་ནས་བསམ་གཞིག་གསར་པ་ཡོད་དགོས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ཤེས་བྱ་དང་སློབ་ཚན་སློབ་ཁྲིད་ཀྱི་ནང་དོན་གསར་གཏོད། སློབ་མ་ཚོས་སློབ་སྦྱོང་གི་མྱོང་བ་གཏིང་ཟབ་རྟོགས་པ་བཅས་བྱས་ནས་སློབ་མ་ཚོས་ཡང་དག་པའི་ཕུགས་བསམ་དད་སེམས་འཛུགས་རྒྱུ་དང་ཡང་དག་པའི་བསམ་བློ་གཏོང་སྟངས་རྟོགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ། བཞི་ནས་མིག་རྒྱང་རིང་དུ་གཏོང་དགོས། ཤེས་བྱའི་མིག་རྒྱང་དང་། རྒྱལ་སྤྱིའི་མིག་རྒྱང་། ལོ་རྒྱུས་ཀྱི་མིག་རྒྱང་བཅས་ཡོད་དགོས་ལ། གསོན་ཉམས་ལྡན་པ་དང་། གཏིང་ཟབ། ཞིབ་ཕྲ་བཅས་ཀྱི་འཕྲེད་གཞུང་གཉིས་བསྡུར་བའི་ཐོག་ནས་གནས་ལུགས་ཁག་གཅིག་ཁ་གསལ་དང་གསལ་པོ་ཤོད་དགོས་པ། ལྔ་ནས་རང་འདོམས་ནན་པོ་བྱེད་དགོས། སློབ་ཁྲིད་དང་སློབ་གྲོལ་གཅིག་གྱུར་དང་། དྲ་ཐོག་དང་དྲ་ཕྱི་གཅིག་གྱུར། རང་རྟོགས་ངང་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་རྒྱུ་དར་སྤེལ་གཏོང་བ་བཅས་བྱས་ནས་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱེད་དགོས་པ། དྲུག་ནས་མི་གཤིས་དྲང་པོ་ཡོད་དགོས། མི་གཤིས་བཟང་པོ་ལྡན་ན་གཞི་ནས་ཡིད་དབང་འགུག་ཤུགས་ལྡན་ཐུབ་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་ནས་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་བསམ་བློའི་རང་བཞིན་དང་། རིགས་པའི་གཞུང་ལུགས་རང་བཞིན། མཉམ་འདྲེས་ནུས་ཤུགས། དམིགས་སའི་རང་བཞིན་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་རང་བཞིན་དང་ཚན་རིག་གི་རྩ་བའི་རིགས་པའི་རང་བཞིན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། གནད་ལ་འཕིགས་པའི་ཚན་རིག་གི་རྩ་བའི་རིགས་པའི་དབྱེ་ཞིབ་ཀྱི་ཐོག་ནས་སློབ་མར་ལན་འདེབས་པ་དང་། མཐར་ཕྱིན་པའི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སློབ་མར་གོ་སྐོན་བློ་འགུགས་བྱེད་པ། བདེན་པའི་སྟོབས་ཤུགས་ལ་བརྟེན་ནས་སློབ་མར་ཁྲིད་སྟོན་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད། རིམ་ཁག་ཏང་ཨུད་ཀྱིས་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་འཛུགས་སྐྱོང་དེ་གལ་ཆེའི་གྲོས་རིམ་ནང་བཞག་ནས་བསམ་བློ་དང་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་འཛུགས་སྐྱོང་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་བྱས་ནས་ལས་དོན་གྱི་གནས་བབ་དང་། དཔུང་ཁག་འཛུགས་སྐྱོང་། རྒྱབ་སྐྱོར་འགན་ལེན་སོགས་ཀྱི་ཐད་བྱེད་ཐབས་ནུས་ལྡན་སྤྱོད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"