མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་
ཆེན་ཐེངས་བརྒྱད་པ་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་
ཆེན་ཐེངས་བརྒྱད་པ་པེ་ཅིང་དུ་འཚོགས་པ།

     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་བཅས་ཚོགས་འདུར་རྟེན་འབྲེལ་ཞུ་བར་ཕེབས་པ། 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ། ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་རྟེན་འབྲེལ་ཞུ་བར་ཕེབས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀོ་ཧྲེང་ཁུན་ནས་ཏང་ཀྲུང་དབྱང་གི་བཀའ་མངགས་ལྟར《ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པ་སྤེལ་དགོས》ཞེས་པའི་ཤིས་ཚིག་གསུངས་གནང་ཞིང་། ཀོ་ཧྲེང་ཁུན་གྱིས་དང་ཐོག་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཡང་ཞུས་གནང་བ་རེད།
     ཀོ་ཧྲེང་ཁུན་གྱིས་ཤིས་ཚིག་ནང་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་གནང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་པ་དང་། ཁྲིམས་ལག་ལེན་ནན་པོ་བསྟར་བ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། ཁྲིམས་སྐྱོང་ཀྲུང་གོ་གཏོད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དེ་ཁྲིམས་བཟང་སྐྱོང་མཁས་ཀྱི་མཐོ་ཚད་གསར་པའི་ཕྱོགས་སུ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། རིམ་ཁག་ཁྲིམས་རིག་ལྷན་ཚོགས་ཀྱིས་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བྱས་རྗེས་བཞག་ཡོད་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་གཏོད་པར་ལེགས་སྐྱེས་འགངས་ཆེན་ཡང་ཕུལ་ཡོད།
     ཀོ་ཧྲེང་ཁུན་གྱིས། རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ལས་དོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞིར”ཤུགས་སྣོན་དང་། “གདེང་ཚོད་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་གི་ལག་བསྟར་བ་དང་། སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་གཏོང་མི། སྤྱོད་ཡོན་གཉིས་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་མཁན་བཅས་བྱས་ནས། རླབས་ཆེ་བའི་དུས་རབས་འཕེལ་རིམ་ཁྲོད་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས་ཞེས་གསུངས་པ་རེད།

  
style="display:none;"