མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་འགན་འཁྲི་ལས་བགོས་གཏན་འཁེལ་བྱས་པ། 
      ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་ཀྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་ཀྱང་གནང་ཡོད། གནས་ཐང་འཕར་ཁྲལ་གྱི་ཁྲལ་གཅོག་ལེ་ལག་ཚང་བའི་བྱེད་ཐབས་གསལ་པོ་བཟོས་ཏེ་དུས་ཚོད་སླེབས་པའི་ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་རྒྱུན་སྲིང་བྱ་རྒྱུ་མ་ཟད། དབུལ་སྐྱོར་ཞལ་འདེབས་དང་སྦགས་བཙོག་འགོག་བཅོས་ཀྱི་ཕྱོགས་གསུམ་པའི་ཁེ་ལས་ལ་ཁྲལ་འབབ་ཀྱི་གཟིགས་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་པ།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་3ཚེས་20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་འགན་འཁྲི་ལས་བགོས་གཏན་འཁེལ་བྱས་པ་དང་། ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་ཀྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་ཀྱང་གནང་ཡོད། གནས་ཐང་འཕར་ཁྲལ་གྱི་ཁྲལ་གཅོག་ལེ་ལག་ཚང་བའི་བྱེད་ཐབས་གསལ་པོ་བཟོས་ཏེ་དུས་ཚོད་སླེབས་པའི་ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་རྒྱུན་སྲིང་བྱ་རྒྱུ་མ་ཟད། དབུལ་སྐྱོར་ཞལ་འདེབས་དང་སྦགས་བཙོག་འགོག་བཅོས་ཀྱི་ཕྱོགས་གསུམ་པའི་ཁེ་ལས་ལ་ཁྲལ་འབབ་ཀྱི་གཟིགས་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
      ཚོགས་འདུའི་ཐོག་བསྟན་དོན། གྲོལ་མ་ཐག་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཚོགས་འདུ་གཉིས་ཀྱི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་དགོས། ཚོགས་འདུའི་ཐོག《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི་གཙོ་གནད་ལས་འགན་རེ་རེ་བཞིན་གསེད་བཀྲོལ་གྱིས་འགན་འཁྲིའི་ཚན་པ་དང་དུས་བཀག་གསལ་པོ་བཟོས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་ལ་མི་དམངས་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་ཇི་མ་ཇི་བཞིན་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་སྐུལ་འདེད་ལ་དམ་འཛིན་བྱེད་དགོས་པ། གསུམ་ནས་མཉམ་དུ་ནུས་ཤུགས་འདོན་དགོས་པ་བཅས་རེད།
     《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་གཞི་ཁྱོན་ཆེ་བའི་ཁྲལ་གཅོག་གི་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། ཟླ་4ཚེས་1ཉིན་ནས་བཟུང་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་གྱི་ཚད་16%ནས་13%བར་གཅོག་རྒྱུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་དང་བཟོ་སྐྲུན་སོགས་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་གྱི་ཚད་10%ནས་9%བར་གཅོག་རྒྱུའི་བྱ་ཐབས་ལ་དམིགས་ནས་ཚོགས་འདུའི་ཐོག་གཅིག་ནས་ཡོང་འབབ་དཔྱ་ཁྲལ་གྱི་ཚབ་འཕྲིའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་སྟེ་འགྲུལ་པ་སྐྱེལ་འདྲེན་གྱི་ཞབས་ཞུ་དེ་ཚབ་འཕྲིའི་ནང་འཇུག་རྒྱུ་མ་ཟད། ཁྲལ་འཇལ་བར་ཐོབ་པའི་འགྱུར་མེད་རྒྱུ་ནོར་གཏོང་སྤྲོད་ཡོང་འབབ་ཀྱི་དཔྱ་ཁྲལ་དེ་ལོ་གཉིས་ཀྱི་ཚབ་འཕྲིར་དབྱེ་བ་ནས་ཐེངས་གཅིག་རང་བཞིན་གྱི་གྲངས་ཚང་ཚབ་འཕྲིར་བསྒྱུར་ཏེ་ཁྲལ་འཇལ་བའི་དུས་ཐོག་གི་ཚབ་འཕྲི་ཆོག་པའི་ཡོང་འབབ་དཔྱ་ཁྲལ་མང་དུ་གཏོང་རྒྱུ་དང་། གཉིས་ནས་སྲིད་ཇུས་ལག་བསྟར་བྱས་རྗེས་ཀྱི་ཁྲལ་འཇལ་བའི་གསར་འཕར་གྱི་ཉར་འཐེན་ཁྲལ་འབོར་ཐད་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཕྱིར་སློག་པ། གསུམ་ནས་ཚོང་ཟོག་ཁག་གཅིག་གི་ཞབས་ཞུ་དང་ཕྱིར་གཏོང་གི་ཁྲལ་སློག་ཚད་དང་ཞིང་ལས་ཐོན་ཟོག་ཉོ་བར་སྤྱོད་པར་འཚམ་པའི་འཐེན་གཅོག་གི་ཚད་སོགས་ལ་བབས་མཚུངས་ཀྱི་ལེགས་སྒྲིག་བྱེད་པ་བཅས་ཀྱི་གཏན་འབེབས་བྱས་པ་རེད།
     ཁྲལ་འཕྲིའི་སྲིད་ཇུས་ལས་དམངས་འཚོ་ལེགས་གཏོང་དང་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པའི་རྒྱབ་སྐྱོར་གྱི་ནུས་པ་འདོན་སྤེལ་བྱ་ཆེད། ཚོགས་འདུའི་ཐོག་ད་དུང་གཏན་འབེབས་བྱས་དོན། གཅིག་ནས་2018ལོར་ལག་བསྟར་བྱེད་དུས་ཐིམ་པའི་སྤྱི་པའི་བོགས་གཏོང་ཁང་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་གྱི་གཉེར་སྐྱོང་། རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་ཨེ་ཙི་ནད་ཀྱི་ནད་དུག་འགོག་པའི་སྨན་རྫས་སོགས་ཐད་ཀྱི་ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ་དང་། གཉིས་ནས་ད་ལོའི་ཟླ་1ཚེས་1ཉིན་ནས་2022ལོའི་ལོ་མཇུག་བར་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་དང་། གཅིག་སྡུད་ཡུག་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་རྫོང་དང་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་བཅས་ལ་སྤྱོད་པའི་དབུལ་སྐྱོར་ཞལ་འདེབས་ཀྱི་གཏོང་སྒོའི་ཐད། གཏན་འབེབས་ལྟར་ཁྲལ་སྤྲོད་གྲངས་འབོར་རྩིས་རྒྱག་སྐབས་ཇི་བཞིན་དུ་འཐེན་གཅོག་བྱེད་པ་དང་། ཆ་རྐྱེན་དང་མཐུན་རིགས་ཀྱི་དབུལ་སྐྱོར་ཚོང་ཟོག་གི་ཞལ་འདེབས་ལ་གནས་ཐང་འཕར་ཁྲལ་མི་བསྡུ་རྒྱུ། གསུམ་ནས་2019ལོའི་ཟླ་1ཚེས་1ཉིན་ནས་2021ལོའི་ལོ་མཇུག་བར་སྦགས་བཙོག་འགོག་བཅོས་བྱེད་པའི་ཕྱོགས་གསུམ་པའི་ཁེ་ལས་ལ་དཔྱ་ཁྲལ་གྱི་ཚད་15%ལྟར་བཅག་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་རྒྱུ་བཅས་རེད།

  
style="display:none;"