མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་
ཚོགས་ཀྱི་ཚོགས་འདུ་སྐབས་སུམ་ཅུ་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་02ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི་ཡིན་པའི་ཐུ་ནི་སིའི་ཙུང་ཐུང་ཨའེ་སི་པུའུ་ཤིས་ལ་གློག་འཕྲིན་བཏང་གནང་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སུམ་ཅུ་པ་ཐུ་ནི་སི་རུ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་ཆབས་ཅིག་ཆབ་སྲིད་ཐོག་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྲོལ་གཏོད་སྣེ་འཁྲིད་ཧུར་ཐག་བྱས་ཏེ། ཨ་རབ་ཡོངས་སུ་མཉམ་འབྲེལ་དང་རང་སྟོབས་རང་སྤེལ་ཡོང་བ་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་པར་ངས་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་ཨའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཧ་ཅང་ཟབ་མོ་ཡོད། ན་ནིང་གི་ཟླ་བདུན་པར། ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བརྒྱད་པ་པེ་ཅིང་དུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཤིང་། ཀྲུང་ཨ་ཕྱོགས་གཉིས་པོས་ཕྱོགས་ཡོངས་ནས་མཉམ་ལས་དང་། ཐུན་མོང་ཐོག་འཕེལ་རྒྱས། མ་འོངས་པར་ཁ་ཕྱོགས་པ་བཅས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། དེ་ནི་ཀྲུང་ཨའི་མཛའ་གྲོགས་མཉམ་ལས་ཀྱི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་ལག་གདང་སྦྲེལ་ཏེ་འབད་བརྩོན་ཆེན་པོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ།ཀྲུང་ཨས་མཉམ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུའི་བྱ་སྤྱོད་བསྒྲགས་གཏམ་དོན་འཁྱོལ་བྱེད་པ།ཀྲུང་ཨའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"