མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“བསླབ་པ་རྒན་གྲས་ཚོགས་པའི”འཐུས་མི་ཚོགས་པ་དང་མཇལ་
འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་03ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར“བསླབ་པ་རྒན་གྲས་ཚོགས་པའི”འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་བ་རེད།
     ཞི་ཅིན་ཕིང་གིས་འཛམ་གླིང་འདི་ཉིད་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བའི་དུས་སུ་གནས་ཡོད། རྒྱལ་སྤྱིའི་མཉམ་ལས་ཀྱི་མདུན་ལམ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་ཐབས་ལམ། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མ་འོངས་བཅས་ལ་དཔྱོད་ལྡན་པ་དེ་བས་མང་བས་བསམ་གཞིག་བྱེད་བཞིན་ཡོད། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས་མིའི་རིགས་ཐུན་མོང་ལ་དབང་བའི་སའི་གོ་ལའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། མིའི་རིགས་ཀྱི་ཕུགས་དང་མ་འོངས་ལ་རྒྱལ་ཁབ་ཁག་ཚང་མས་འགན་འཁྲི་འཁུར་བཞིན་ཡོད། ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་རུང་། ང་ཚོས་འཁུར་དགོས་པའི་རྒྱལ་སྤྱིའི་འགན་འཁྲིར་གཡོལ་གྱི་མེད། ཀྲུང་གོས་མཉམ་ལས་གཉིས་ཁེ་ཡོང་རྒྱུར་འཚོལ་ཞིབ་བྱས་ཏེ་རང་ཉིད་འཕེལ་རྒྱས་ཡོང་བ་དང་དུས་མཚུངས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་དུ་གོང་འཕེལ་ཡོང་རྒྱུར་རོགས་རམ་བྱེད་ཀྱི་ཡོད། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་བདེན་ཁེའི་ལྟ་བ་བཟུང་ནས་རང་ཉིད་ཧ་ཅང་དབུལ་པོ་ཡིན་དུས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་ཡོད། ང་ཚོས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གྲོས་འགོ་འདོན་དོན་ནི་རྒྱལ་ཁབ་ཁག་དང་གཉིས་ཁེ་གཉིས་ཕན་ཡོང་ཆེད་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་རྡབ་རྡེག་གིས་རྒྱལ་ཁབ་མང་པོར་གནོན་ཤུགས་ཕོག་པ་དང་སེམས་ཁྲལ་བཟོས་ཡོད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་སྐད་སྒྲ་སྔར་བཞིན་གཙོ་ཁྲིད་སྟོབས་ཤུགས་ཤིག་རེད། ཕྱོགས་མང་གི་འཕེལ་རིམ་མཚམས་མི་འཇོག་པ་དང་ཐོབ་པའི་གྲུབ་འབྲས་ལ་ཕྱིར་བཤོལ་མི་ཐེབས་པའི་འགན་ལེན་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་ཉིང་རྡུལ་མི་མཆེད་རྒྱུའི་མ་ལག་ལ་སྲུང་སྐྱོང་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་སོགས་ཕྱོགས་མང་གྲོས་རིམ་ལ་ཤུགས་སྣོན་མུ་མཐུད་རྒྱག་བཞིན་ཡོད། ཀྲུང་གོས་ཕྱོགས་མང་སྒྲིག་གཞིའི་སྒྱུར་བཅོས་ལ་སྔར་ནས་ད་བར་སྒོ་དབྱེའི་འདོད་ཚུལ་བཟུང་ནས་རྒྱལ་ཁབ་ཁག་དབར་ཐུན་མོང་ཐོག་གྲོས་བསྡུར་དང་ཚང་མས་ཁས་ལེན་པའི་སྒྲིག་སྲོལ་གཞིར་བཟུང་ཕྱོགས་ཁག་གི་ལུགས་མཐུན་གྱི་དོ་ཁུར་ལ་ལྟ་རྟོག་བྱ་རྒྱུ་མ་ཟད། རྒྱལ་ཁབ་མང་པོའི་ཐུན་མོང་གི་ཁེ་ཕན་དང་འཚམ་པ་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད། ལོ་ལྔ་ལྷག་ཙམ་རིང་ཀྲུང་གོས་རྒྱལ་ཁབ་ཁག་དབར་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་བཟུང་ནས་མཉམ་ལས་ཀྱི་བསམ་ཕྱོགས་འཚོལ་ཞིབ་དང་མཉམ་ལས་བྱེད་སྟངས་གསར་གཏོད་ཀྱིས་དུས་བབ་གསར་པའི་འོག་གི་ཕྱོགས་མང་རིང་ལུགས་ཀྱི་ལག་ལེན་ཕུན་སུམ་ཚོགས་སུ་བཏང་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ཆེན་པོ་ཚང་མས་དམིགས་བསལ་གྱི་འགན་འཁྲི་འཁུར་བཞིན་ཡོད། ཀྲུང་གོས་རྒྱལ་ཁབ་ཆེན་པོའི་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་མཐའ་གཅིག་ཏུ་གཞོལ་ནས་རྒྱལ་ཁབ་ཆེན་པོ་འཆམ་མཐུན་མཉམ་གནས་ཀྱིས་གདོང་གཏུག་དང་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཁེ་བཅས་ཡོང་རྒྱུའི་རེ་བ་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ནི་འཛམ་གླིང་ཡོངས་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མཐུན་མདུན་སྐྱོད་ཀྱིས་མི་མཐུན་པའི་ཆ་ལྟ་སྡོམ་དང་མཉམ་ལས་རྒྱ་ཆེར་བཏང་ནས་གྲོས་མོལ་དང་། མཉམ་ལས། བརྟན་ལྷིང་བཅས་རྩ་བའི་དགོངས་གཞིར་བྱས་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་སྔོན་དཔག་ཐུབ་པའི་རང་བཞིན་དེ་བས་མང་བ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱི་ལོ་རྒྱུས་ཀྱི་གདམ་ག་ཞིག་རེད། ལོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་འཁྲིད་དེ་རྒྱུན་མཐུད་འབད་འཐབ་བྱས་པས་ཕྱོགས་ཁག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ཅེས་ནན་བཤད་གནང་བ་རེད།
     “བསླབ་པ་རྒན་གྲས་ཚོགས་པའི”ཀྲུའུ་ཞི་ཨེར་ལན་གྱི་ཙུང་ཐུང་ཟུར་པ་ལུའུ་པིན་ཤུན་དང་། “བསླབ་པ་རྒན་གྲས་ཚོགས་པའི”ཀྲུའུ་ཞི་གཞོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཟུར་པ། པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི་ལས་འཛིན་དཔོན་བཅས་ཡིན་པའི་ཧྥན་ཅི་ཝུན། མོ་ཞི་ཁོའི་ཙུང་ཐུང་ཟུར་པ་སའེ་ཏི་ལུའེ་བཅས་ཀྱིས“བསླབ་པ་རྒན་གྲས་ཚོགས་པའི”འཐུས་མི་ཚོགས་པའི་ཚབ་ཞུས་ནས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

  
style="display:none;"