མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཤིང་གཅེས་དང་། ཤིང་འཛུགས། ཤིང་སྲུང་བཅས་ཀྱི་སྲོལ་རྒྱུན་
བཟང་པོ་དར་སྤེལ་བཏང་ནས་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བར་དངོས་དངོས་
རྗེན་རྗེན་གྱི་ཕན་འབྲས་ཟམ་མི་ཆད་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་
པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་10ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཤིང་གཅེས་དང་། ཤིང་འཛུགས། ཤིང་སྲུང་བཅས་ཀྱི་སྲོལ་རྒྱུན་
བཟང་པོ་དར་སྤེལ་བཏང་ནས་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བར་དངོས་དངོས་
རྗེན་རྗེན་གྱི་ཕན་འབྲས་ཟམ་མི་ཆད་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་
པའི་ནན་བཤད་གནང་བ།

     དྭངས་ཤིང་གཙང་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཙུགས་ནས། རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རི་ཆུ་ནགས་གསུམ་དང་། ས་ཞིང་དང་། མཚོ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། ཡུལ་བབ་དང་བསྟུན་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ནགས་ཚལ་གྲོང་ཁྱེར་དང་ནགས་ཚལ་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། ནམ་དུས་བཞིའི་རིང་རྟག་ཏུ་སྔོ་ལྗང་རྩི་ཤིང་དང་མེ་ཏོག་བཞད་རྒྱུ་ཡོད་པ། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ནགས་ཚལ་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཟམ་མི་ཆད་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཀྲུང་ཧྭ་མི་རིགས་ཀྱི་ཤིང་གཅེས་དང་། ཤིང་འཛུགས། ཤིང་སྲུང་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། རྒྱལ་ཡོངས་སྐུལ་སློང་དང་། དམངས་ཡོངས་ལག་པ་འགུལ་བ། སྤྱི་ཚོགས་ཡོངས་མཉམ་ཞུགས་བཅས་བྱས་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཟམ་མི་ཆད་པར་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
      སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ལྷག་ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ལྷན་དུ་རླངས་འཁོར་ནང་བཞུགས་ནས། པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཡུང་ཧྲུན་གྲོང་རྡལ་དུ་ཕེབས་ཏེ་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད། 
     ཤིང་འཛུགས་ས་པེ་ཅིང་ལྟེ་བའི་གྲོང་གི་སྔོ་ལྗང་ཁུལ་གྱི་གྲོང་ཁྱེར་ནགས་ཚལ་སྤྱི་གླིང་དུ་ཡིན་པ་དང་། དེའི་རྒྱ་ཁྱོན་ལ་མུའུ་500ཙམ་ཡོད། རླངས་འཁོར་ནས་བབས་གནང་མ་ཐག་ཞི་ཅིན་ཕིང་གིས་སྦྱག་མ་བསྣམས་ཏེ་ཤིང་འཛུགས་སར་ཕེབས། དེ་གར་ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་འཕྲལ་ཁམས་བདེའི་འཚམས་འདྲི་ཡང་ནས་ཡང་དུ་ཞུས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་བ་དང་། དེ་རྗེས་པེ་ཅིང་གྲོང་ཁྱེར་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན། རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་ལྷན་དུ་ཤིང་འཛུགས་པར་བྲེལ།
      ཞི་ཅིན་ཕིང་གིས་སྒྲོན་ཤིང་དང་། གོ་ཧོའེ་ལྗོན་ཤིང་། རྒྱ་ཤུག ཡུས་ལན་ལྗོན་ཤིང་། ཧུང་རུའེ་མུའུ་ལྗོན་ཤིང་། ཁམ་སྡོང་སོགས་ཀྱི་སྡོང་ཕྲུག་བདུན་གཅིག་མཇུག་གཉིས་མཐུད་ངང་བཏབ་གནང་བ་རེད། ཁོང་གིས་ཤིང་འཛུགས་ཞོར་དུ་ཉེ་འགྲམ་གྱི་ལོ་ཆུང་གདོང་ལེན་རུ་མིར་སློབ་སྦྱོང་དང་འཚོ་བ་དང་ལུས་སྦྱོང་གི་གནས་ཚུལ་བཀའ་འདྲི་གནང་སྟེ། ཁོང་ཚོར་ཆུང་དུས་ནས་རང་བྱུང་ཁམས་ལ་གཅེས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཇགས་པར་བྱས་ནས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ཏེ་མེས་རྒྱལ་དེ་བས་ལྟ་ན་སྡུག་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་བཀའ་མངགས་གནང་བ་མ་ཟད། ཁོང་ཚོ་སྡོང་ཕྲུག་ཇི་བཞིན་འཚར་ལོངས་ཡག་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། 
      ཤིང་འཛུགས་གནང་རིང་ཞི་ཅིན་ཕིང་གིས་ཤིང་འཛུགས་སར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་དབར་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོང་གིས་འདི་ལོ་ནི་ཀྲུང་གོ་གསར་པའི་ཤིང་འཛུགས་དུས་ཆེན་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་40ཡི་རིང་རང་རྒྱལ་གྱི་ནགས་ཚལ་གྱི་རྒྱ་ཁྱོན་དང་ནགས་ཚལ་གསོག་ཚད་ལྡབ་གཅིག་ཙམ་འཕར་བ་དང་། མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་སྔོ་ཁེབས་འཕར་ཚད་ལ་ལེགས་སྐྱེས་འབུལ་བའི་བསྡུར་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱི་སྣོད་བཅུད་སྔར་བཞིན་སླར་གསོ་བྱེད་དགོས་ལ། ནགས་ཚལ་དཀོན་པ་དང་། སྔོ་ལྗང་ཉུང་བ། སྣོད་བཅུད་ཉམས་ཞན་བཅས་ནི་ང་ཚོས་སྔར་བཞིན་ལས་དོན་ཤུགས་ཆེན་བསྒྲུབས་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད་ཅེས་གསུངས་པ་རེད། 
      ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ལ་གནའ་སྔ་མོ་ནས་བཟུང་ཤིང་གཅེས་དང་། ཤིང་འཛུགས། ཤིང་སྲུང་བཅས་ཀྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། འཐུ་མཁན་མང་ན་བུད་ཤིང་མང་། འཛུགས་མཁན་མང་ན་ནགས་ཚལ་ཆགས། རྒྱལ་ཡོངས་སྐུལ་སློང་དང་། དམངས་ཡོངས་ལག་པ་འགུལ་བ། སྤྱི་ཚོགས་ཡོངས་ཞུགས་པར། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་འདོན་པ་དང་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་འོས་འགན་ཤིང་འཛུགས་བྱེད་དགོས། དྭངས་ཤིང་གཙང་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཙུགས་ནས། རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རི་ཆུ་ནགས་གསུམ་དང་། ས་ཞིང་དང་། མཚོ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། ཡུལ་བབ་དང་བསྟུན་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ནགས་ཚལ་གྲོང་ཁྱེར་དང་ནགས་ཚལ་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། ནམ་དུས་བཞིའི་རིང་རྟག་ཏུ་སྔོ་ལྗང་རྩི་ཤིང་དང་མེ་ཏོག་བཞད་རྒྱུ་ཡོད་པ། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ནགས་ཚལ་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཟམ་མི་ཆད་པར་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

  
style="display:none;"