མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་དབུ་བརྙེས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་11ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་9ཉིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་དབུ་བརྙེས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་དབུ་བརྙེས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་གོ་སྐབས་འཕྲད་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་གཅིག་སྡུད་ཀྱི་སྐམ་ས་ཆེ་མོ་ཡིན་པའི་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་མི་དམངས་དབར་ཡུན་རིང་གི་མཛའ་གྲོགས་ལྡན་ཡོད། དུས་བབ་གསར་པའི་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁས་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། སྤེལ་རེས་མཉམ་ལས་ཟབ་གཏོང་དང་། ཤེས་དཔལ་ཐད་ཕན་ཚུན་དཔེ་ལྟ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་མ་ཟད། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་2018ལོར་འཚོགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་དེ་བས་དམ་ཟབ་ཀྱི་སྒོ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་བཙུགས་པ་དེ་ནི་མི་ཆོས་རིག་གནས་སྤེལ་རེས་བྱ་སྤྱོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་ཁང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རིག་གཞུང་རིག་མཛོད་ཐོན་ཁུངས་གཅིག་སྡུད་དང་ཀྲུང་ཧྥེའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་བཏང་ནས་ཀྲུང་ཧྥེ་དང་ཀྲུང་ཧྥེའི་དེ་མིན་ཕྱོགས་ཁག་གི་མཉམ་ལས་ཐད་བློ་བསྡུས་དགེ་འཚོལ་དང་ཐབས་འདོན་ཇུས་འབུལ་བྱས་ཏེ། ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"