མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ། བཟོ་བཅོས་ཟིན་པའི
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ཆ་འཕྲིན་ཡོངས་
བསྒྲགས་ལམ་སྲོལ》ཡོངས་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་17ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་བཟོ་བཅོས་ཟིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལམ་སྲོལ》ཡོངས་བསྒྲགས་བྱས་པ་དང་། 2019ལོའི་ཟླ་5ཚེས་15ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་དོན་ཡོངས་བསྒྲགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། 2008ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བའི་སྲོལ་ཡིག་གིས། རང་རྒྱལ་གྱི་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་ཁྲིམས་ལྟར་སྲིད་གཞུང་གི་ཆ་འཕྲིན་ལྟ་རྒྱུ་འགན་ལེན། སྲིད་གཞུང་གི་འགན་ནུས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བཅས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། སྒྱུར་བཅོས་གཏིང་ཟབ་དང་སྤྱི་ཚོགས་ཆ་འཕྲིན་ཅན་འཕེལ་རྒྱས་མྱུར་པོ་བྱུང་བ་དང་བསྟུན་ནས། སྲོལ་ཡིག་ལག་ལེན་བསྟར་རིང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁག་གཅིག་འཕྲད་བཞིན་ཡོད་པས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་ངེས་སུ་གྱུར་ཡོད།
     ད་ཐེངས་སྲོལ་ཡིག་བཟོ་བཅོས་རྒྱག་སྐབས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་སྲིད་དོན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བས། ཡོངས་བསྒྲགས་གྲངས་འབོར་མང་དུ་ཕྱིན་པ་མ་ཟད། ཡོངས་བསྒྲགས་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལ་མཁོ་བའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་གང་ཐུབ་དང་ཉེ་བའི་ལོ་ཤས་རིང་གི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་མངོན་པར་བྱས་ཏེ་ལག་ལེན་ཁྲོད་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཡོད། སྲོལ་ཡིག་ལ་བཟོ་བཅོས་རྒྱག་སྐབས་ནང་དོན་གཙོ་བོ་ཁག་གསུམ་ཚུད་པ་སྟེ།
     གཅིག་ནས་ཡོངས་བསྒྲགས་བྱ་རྒྱུ་རྒྱུན་རྣམ་དུ་བྱེད་པ་དང་། ཡོངས་བསྒྲགས་མི་བྱེད་པ་དམིགས་བསལ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཁྱབ་ཁོངས་ཁ་གསལ་ཡོང་བ་བྱས་ཏེ་རང་འགུལ་ངང་ཡོངས་བསྒྲགས་ཟམ་མི་ཆད་པར་བྱེད་དགོས་པ་དང་། གཉིས་ནས་རེ་ཞུར་བརྟེན་ཏེ་ཡོངས་བསྒྲགས་བྱེད་པའི་གོ་རིམ་འཐུས་སྒོ་ཚང་དུ་བཏང་ནས་རེ་ཞུ་མཁན་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་དགོས་པ་དང་དུས་མཚུངས། འདུན་ཞུ་མཁན་ཉུང་ཤས་ཀྱིས་ཚུལ་དང་མི་མཐུན་པར་རེ་ཞུའི་དབང་ཆ་ལག་ལེན་བསྟར་ཏེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་དོན་རྒྱུན་གཏན་བཞིན་སྤེལ་རྒྱུར་འགོག་རྐྱེན་བཟོ་བའི་བྱེད་སྤྱོད་ཚད་ལྡན་དུ་གཏོང་དགོས་པ། གསུམ་ནས་དམངས་ཕན་ཞབས་ཞུའི་བླང་བྱ་མཐོ་རུ་བཏང་ནས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ཕན་འབྲས་དངོས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་ལ་སྲིད་གཞུང་གི་ཆ་འཕྲིན་གྱིས་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ་བཅས་སོ།

  
style="display:none;"