མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་དང་ལྔ་བཞིའི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱ་
ཆེའི་གཞོན་ནུ་ཚོས་མི་རིགས་བསྐྱར་དར་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས་
པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་22ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ■ ལྔ་བཞིའི་ལས་འགུལ་ནི་རང་རྒྱལ་གྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ལ། ལྔ་བཞིའི་སྙིང་སྟོབས་ནི་ལྔ་བཞིའི་ལས་འགུལ་གྱིས་བཏོད་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། དེ་རིང་། ང་ཚོས་ལྔ་བཞིའི་ལས་འགུལ་ལ་དྲན་གསོ་ཞུ་བ་དང་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བར་ངེས་པར་དུ་ལྔ་བཞིའི་ལས་འགུལ་དང་ལྔ་བཞིའི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྔ་བཞིའི་སྙིང་སྟོབས་ཀྱི་སྐུལ་ལྕག་འོག་རྒྱ་ཆེའི་གཞོན་ནུ་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་བཅས་ཀྱི་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།
      ■ ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་ཀྱི་དོན་སྙིང་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྔ་བཞིའི་ལས་འགུལ་གྱིས་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ལུགས་གསལ་སྟོན་གཏིང་ཟབ་བྱེད་དགོས།
      ལྔ་བཞིའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་རིན་ཐང་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པར་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བའི་དོན་སྙིང་དང་བླང་བྱ་གསལ་སྟོན་གཏིང་ཟབ་བྱེད་དགོས།
     ལྔ་བཞིའི་ལས་འགུལ་ལངས་ཚུན་གྱི་ཀྲུང་གོའི་གཞོན་ནུའི་ལས་འགུལ་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དེང་རབས་ཀྲུང་གོའི་གཞོན་ནུའི་ལས་འགུལ་འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་གཏིང་ཟབ་བྱེད་དགོས།
     ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་ཀྱི་དཔྱད་ཡིག་དང་རིག་དངོས་འཚོལ་བསྡུ་དང་། ལེགས་སྒྲིག སྲུང་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རྗེས་རབས་ཚོས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་ལོ་རྒྱུས་ཀྱི་དྲན་ཤེས་འཇོག་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་19ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་ཀྱི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་ཞིང་། ཁོང་གིས་ལྔ་བཞིའི་ལས་འགུལ་ནི་རང་རྒྱལ་གྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཡིན་ལ། ལྔ་བཞིའི་སྙིང་སྟོབས་ནི་ལྔ་བཞིའི་ལས་འགུལ་གྱིས་བཏོད་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། དེ་རིང་། ང་ཚོས་ལྔ་བཞིའི་ལས་འགུལ་ལ་དྲན་གསོ་ཞུ་བ་དང་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བར་ངེས་པར་དུ་ལྔ་བཞིའི་ལས་འགུལ་དང་ལྔ་བཞིའི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྔ་བཞིའི་སྙིང་སྟོབས་ཀྱི་སྐུལ་ལྕག་འོག་རྒྱ་ཆེའི་གཞོན་ནུ་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་བཅས་ཀྱི་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་དབྱང་སྡེ་ཚོགས་སློབ་གྲྭའི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ཀྲུང་གོ་གཞོན་ནུ་ལོ་ཆུང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བློ་མཐུན་ལི་ཡུས་ཆིས་གནད་དོན་དེའི་ཐད་གསལ་འགྲེལ་གནང་བ་དང་སྦྲགས་བསམ་འཆར་དང་གྲོས་འགོ་ཡང་གླེང་བ་རེད།
     ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་འདི་ལོ་ནི་ལྔ་བཞིའི་ལས་འགུལ་ལངས་ནས་ལོ་100འཁོར་བའི་ལོ་ཞིག་རེད། ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི། ལོ་100ཡི་གོང་གི་སྤྲོ་སེམས་རབ་ཏུ་འཕེལ་བའི་ལོ་ཟླ་དེར་བསྐྱར་དྲན་བྱས་ནས་ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་ཀྱི་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་100ཡི་གོང་ལངས་པའི་ལྔ་བཞིའི་ལས་འགུལ་ནི་སྔོན་ཐོན་གཞོན་ནུ་ཤེས་ཡོན་ཅན་གྱིས་གདོང་ལེན་བྱས་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཞུགས་པའི་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་མཐར་ཕྱིན་བྱས་པའི་རླབས་ཆེའི་རྒྱལ་གཅེས་གསར་བརྗེའི་ལས་འགུལ་ཞིག་རེད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ལྔ་བཞིའི་ལས་འགུལ་དང་ལྔ་བཞིའི་སྙིང་སྟོབས་ལ་ཞིབ་འཇུག་དང་འཆད་འགྲེལ་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དུས་རབས་གསར་པར་ང་ཚོས་ལྔ་བཞིའི་ལས་འགུལ་དང་ལྔ་བཞིའི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས།
    ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་ཀྱི་དོན་སྙིང་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྔ་བཞིའི་ལས་འགུལ་གྱིས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ལུགས་གསལ་སྟོན་གཏིང་ཟབ་བྱེད་དགོས། ལོ་རྒྱུས་ཀྱི་ལྟ་བ་ཆེ་མོ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་དང་། ཀྲུང་གོ་མི་དམངས་ཀྱི་ཉེ་རབས་ཚུན་གྱི་ལོ་170ལྷག་ཙམ་གྱི་འཐབ་རྩོད་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་90ལྷག་ཙམ་གྱི་འབད་འཐབ་ལོ་རྒྱུས་བཅས་ཀྱི་ཁྲོད་ནས་ལྔ་བཞིའི་ལས་འགུལ་ལ་ངོས་འཛིན་དང་ཁོང་དུ་ཆུད་པ་བྱེད་དགོས། ལོ་རྒྱུས་ཀྱི་གཏན་ཚིགས་དང་། ལག་ལེན་གྱི་གཏན་ཚིགས། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་བཅས་དང་ཟུང་འབྲེལ་བྱེད་པའི་མཐོ་ཚད་དང་། ལྔ་བཞིའི་ལས་འགུལ་ལངས་ཚུན་གྱི་ཀྲུང་གོའི་ཆབ་སྲིད་ཀྱི་ལོ་རྒྱུས་དང་། བསམ་བློའི་ལོ་རྒྱུས། རིག་གནས་ཀྱི་ལོ་རྒྱུས། སྤྱི་ཚོགས་ཀྱི་ལོ་རྒྱུས་སོགས་ཁྱབ་ཁོངས་ཁག་གི་ཐོག་ནས་ཞིབ་འཇུག་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ཕྱོགས་སྡོམ། ལོ་རྒྱུས་འཕེལ་ཕྱོགས་གསལ་སྟོན་བཅས་བྱས་ཏེ་ལྔ་བཞིའི་ལས་འགུལ་གྱིས་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་འདི་འདྲ་ལྡན་དོན་གསལ་པོ་བརྗོད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བྱ་གཞག་གི་མཛུབ་ཁྲིད་བསམ་བློར་གྱུར་དོན་གསལ་པོ་བརྗོད་པ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མི་རིགས་རང་བཙན་དང་། མི་དམངས་ལ་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ། མི་དམངས་བདེ་སྐྱིད་བཅས་ཀྱི་ལས་འགན་ལྕི་པོ་ཁུར་དོན་གསལ་པོ་བརྗོད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་རྩ་བ་ཚུགས་པ་དང་འབྲེལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་དོན་གསལ་པོ་བརྗོད་པ། མི་རྣམས་ཀྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་དགེ་རྒན་ལ་བསྟེན་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལྔ་བཞིའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་རིན་ཐང་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པར་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བའི་དོན་སྙིང་དང་བླང་བྱ་གསལ་སྟོན་གཏིང་ཟབ་བྱེད་དགོས། ལྔ་བཞིའི་ལས་འགུལ་ལངས་ཚུན་གྱི་ལོ་100ཡི་ལོ་རྒྱུས་དང་ཟུང་འབྲེལ་བྱས་ནས་ལྔ་བཞིའི་ལས་འགུལ་གྱིས་དར་སྤེལ་བཏང་བའི་རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག་དང་མཐུན་པའི་དགོངས་པ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཐོན་པའི་དོན་སྙིང་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལྔ་བཞིའི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་རྒྱུ་དེ་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་རྒྱུ་དང་གཅིག་གྱུར་ཡོང་བ་བྱེད་པ་དང་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཁྲོད་བཏོད་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དང་གཅིག་གྱུར་ཡོང་བ་བྱས་ཏེ་འདི་ཉིད་མི་དམངས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པར་སྐུལ་ལྕག་བྱེད་པའི་བསམ་པའི་སྟོབས་ཤུགས་སུ་འགྱུར་བ་བྱེད་དགོས།
     ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ལྔ་བཞིའི་ལས་འགུལ་ལངས་ཚུན་གྱི་ཀྲུང་གོའི་གཞོན་ནུའི་ལས་འགུལ་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དེང་རབས་ཀྲུང་གོའི་གཞོན་ནུའི་ལས་འགུལ་འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་གཏིང་ཟབ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་འབྲེལ་བ་གསལ་བཤད་བྱས་ཏེ་རྒྱ་ཆེའི་གཞོན་ནུ་རྣམས་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་གཞོན་ནུ་ཚོས་རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། དེང་རབས་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་བརྗོད་དོན་གཙོ་བོ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་རྒྱུ་དེ་ཡིན་པས་དེང་རབས་ཀྱི་གཞོན་ནུས་ངེས་པར་དུ་མི་སྒེར་གྱི་ཕུགས་བསམ་དེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཉམ་འདྲེས་བྱེད་དགོས་དོན་གང་ཡིན་པ་གསལ་པོ་བརྗོད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་དེང་རབས་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་ཤུགས་རྒྱག་གཞི་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་བྱས་ནས་རྒྱ་ཆེའི་གཞོན་ནུ་ཚོས་ལས་རིགས་ཁག་ཏུ་གཙོ་ཤུགས་དམག་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་ལྕག་བྱེད་དགོས། དེང་རབས་ཀྱི་གཞོན་ནུ་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བའི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གཞོན་ནུའི་ལེགས་ཆ་དང་ཞན་ཆ་ཤེས་རྟོགས་བྱས་ནས་རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་ཆེན་པོ་ལྡན་པ་དང་ཏན་ཏན་ཏིག་ཏིག་བྱེད་རྒྱུ་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཕྱོགས་ཁག་གིས་གཞོན་ནུར་སེམས་ཁུར་དང་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱེད་པ། གཞོན་ནུའི་ལས་དོན་ཧུར་ཐག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ཚོ་འཚར་ལོངས་དང་ཤེས་ལྡན་པར་འགྱུར་བ་དང་གསར་གཏོད་ལས་གཏོད་བྱེད་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས།
     ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་ཀྱི་དཔྱད་ཡིག་དང་རིག་དངོས་འཚོལ་བསྡུ་དང་། ལེགས་སྒྲིག སྲུང་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རྗེས་རབས་ཚོས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་ལོ་རྒྱུས་ཀྱི་དྲན་ཤེས་འཇོག་དགོས། དུས་ཚོད་དམ་འཛིན་གྱིས་ལྔ་བཞིའི་ལས་འགུལ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་དཔྱད་ཡིག་འཚོལ་བསྡུ་ཡག་པོ་བྱེད་པ་དང་ལོ་རྒྱུས་ཀྱི་རིག་དངོས་སྲུང་སྐྱོང་ཡག་པོ་བྱེད་དགོས། ལོ་རྒྱུས་ཀྱི་དཔྱད་ཡིག་རིགས་དབྱེ་ལེགས་སྒྲིག་དང་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་ལ་བརྟེན་ནས་ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་ཀྱི་དཔྱད་ཡིག་སྲུང་སྐྱོང་དང་འགྲེམས་སྟོན་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆེད་ལས་ཅན་གྱི་འཇོན་ཐང་ཆེ་རུ་བཏང་ནས་ནང་དོན་གཏིང་ཟབ་པ་དང་ཆུ་ཚད་ལྡན་པའི་ཞིབ་འཇུག་བྱས་འབྲས་མང་པོ་འདོན་དགོས་ཞེས་མཛུབ་སྟོན་གནང་བ་རེད།

  
style="display:none;"