མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་28ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ་རེད།
      ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་ལ་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་འགྲོ་བཞིན་ཡོད། ང་ཚོས་ཟང་ཟིང་སྣ་ཚོགས་ཀྱི་ཁྲོད་ནས་ངོ་བོ་གསལ་པོར་མཐོང་ཐུབ་པ་དང་ལོ་རྒྱུས་ཀྱི་ཟུར་ཚད་ཐོག་ནས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་དགོས། དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ཆེན་པོ་བཟློག་ཐབས་མེད་པས་མཉམ་ལས་གཉིས་ཕན་ཡོང་བ་བྱ་རྒྱུ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ངང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་གི་ཡོད། དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ལ་ཛ་དྲག་པ་ཡོད་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ནུས་པ་དེ་བས་མངོན་གྱི་ཡོད་པས། ཀྲུང་གོས་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་མཛུབ་སྟོན་གནང་བ་རེད།
     ཀུ་ཐེ་ལེ་སིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་འཁྲུངས་སྐར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཚེས་26ཉིན་གྱི་སྔ་དྲོ། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་ཐོག་གི་གཏམ་བཤད་ཧ་ཅང་གལ་འགངས་ཆེ་ཞིང་། དེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་རིམ་དབར་འབྲེལ་བ་དམ་ཟབ་ཡོད་པ་རྒྱས་བཤད་གཏིང་ཟབ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཀྲུང་གོས་སྔར་བས་སྒྱུར་བཅོས་སྒོ་དབྱེ་བྱེད་པའི་བྱེད་ཐབས་གལ་ཆེན་ལ་ངས་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"