མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་ཆི་ཕུའུ་ལཱ་སི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་28ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀེ་རི་སེའི་ཙུང་ལི་ཆི་ཕུའུ་ལཱ་སི་དང་མཇལ་འཛོམས་གནང་བ་རེད།
      ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཀེ་རི་སེ་ནི་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་ལ་གཉིས་ཀས་མི་རིགས་བསྐྱར་དར་ལ་གཞོལ་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་གནའ་བོའི་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་གཉིས་ཁེ་གཉིས་ཕན་དོན་གཉེར་བྱ་རྒྱུ་ཡིན་པ་ལས་ཁྱོད་ཕམ་ང་རྒྱལ་རྩོད་རྒྱུ་དེ་མིན། ང་ཚོས་འཛམ་གླིང་ལ་དེ་གསལ་བཤད་བྱས་ནས་བསམ་ཤེས་དང་རྒྱབ་སྐྱོར་དེ་བས་མང་བ་ཐོབ་པ་བྱེད་དགོས། ཀེ་རི་སེ་ནི་ཡོ་རོབ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་གཉིས་ཁེ་མཉམ་ལས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་མཁན་མིག་དཔེ་ཞིག་རེད། ང་ཚོས་ཀེ་རི་སི་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་འཚོལ་ཞིབ་གང་ལེགས་བྱས་ནས་ཡ་རབས་ངང་སྐད་ཆ་ཤོད་རེས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་བྱ་བའི་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"