མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ལི་པཱ་ཡུས་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་28ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཐེ་ལན་གྱི་ཙུང་ལི་པཱ་ཡུས་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་པཱ་ཡུས་ལ་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རོགས་ཞེས་གསུངས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་ཐེ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་མ་ཟད་ཁྲག་རྒྱུན་འབྲེལ་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡག་ཐོག་ཡག་བརྩེགས་དང་དེ་བས་ཟབ་ཏུ་ཕྱིན་ཡོད། ང་ཚོས་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་བཏང་ནས་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཐེ་ལན་ལ་རྒྱལ་ནང་གི་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཐེ་ལན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། ཀྲུང་ཐེའི་ལྕགས་ལམ་ཡག་པོ་སྐྲུན་པ། “ཤར་རྒྱུད་དཔལ་འབྱོར་བར་ཁྱམས”འཕེལ་རྒྱས་ཡག་པོ་གཏོང་བ། གསར་གཏོད་མཉམ་ལས་ལ་ཁྲིད་སྟོན་ཡག་པོ་བྱེད་པ། དམངས་སེམས་འདུ་འགོད་ཡག་པོ་སྐྲུན་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྒུལ་ཤུགས་ཆེན་པོ་སྣོན་འདོད་ཡོད་ཅེས་གསུངས་པ་རེད། 

  
style="display:none;"