མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་
ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་སྟངས་དཔྱལ་དང་ལྷན་དུ་སྐྱེད་ཚལ་གྱི་འགྲེམས་སྟོན་ལ་
གཟིགས་སྐོར་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་30ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་
ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་སྟངས་དཔྱལ་དང་ལྷན་དུ་སྐྱེད་ཚལ་གྱི་འགྲེམས་སྟོན་ལ་
གཟིགས་སྐོར་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་དུ་2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་སྟངས་དཔྱལ་དང་ལྷན་དུ་སྐྱེད་ཚལ་གྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
     དགོང་མོའི་ཆུ་ཚོད་བདུན་པར་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཀྲུང་གོའི་འགྲེམས་ཁང་གི་ཐོག་སོ་དང་པོའི་ཚོམས་ཆེན་དུ་ཕྱི་རྒྱལ་གྱི་འགོ་ཁྲིད་པ་སྟངས་དཔྱལ་ཚོར་བསུ་བ་ཞུས་པ་རེད། ཚང་མས་ལྷན་དུ་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་པར་གཞི་གཟིགས་པ་དང་འབྲེལ་སྔོ་ལྗང་གིས་བརྒྱན་པའི་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་གྱང་གི་མདུན་དུ་མཉམ་དུ་སྐུ་པར་ཡང་བསྐྱོན་པ་རེད། ཞི་ཅིན་ཕིང་སྟངས་དཔྱལ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོ་ཀྲུང་གོའི་འགྲེམས་ཁང་གི་ཧྭ་པེ་དང་ནུབ་བྱང་ཞིང་ལྗོངས་ཀྱི་གྲོང་ཁྱེར་བཅུའི་འགྲེམས་ཁུལ་དུ་ཕེབས་ནས་ས་གནས་ཁག་གི་ཁྱད་ལྡན་སྐྱེ་དངོས་དང་མཛེས་སྡུག་ལྡན་པའི་སྐྱེད་ཚལ་གྱི་སྒྱུ་རྩལ་ལ་གཟིགས་པ་རེད། པེ་ཅིང་འགྲེམས་ཁུལ་དུ་ཕེབས་སྐབས་མིག་ལམ་དུ་འཆར་བ་ནི་མེ་ཏོག་གིས་བརྒྱན་པའི་པེ་ཅིང་གི་སྒོ་ར་རྙིང་པའི་བཀྲ་ཤིས་རྒྱལ་སྒོ་དང་དབྱི་ཧོ་སྐྱེད་ཚལ་གྱི་ཁྱད་དུ་འཕགས་པའི་རིག་དངོས་ཁོག་མའི་ནང་བཏབ་པའི་གནའ་བོའི་ཀུའེ་ཧྭ་མེ་ཏོག གྲང་ངད་སྐབས་སུའང་བཞད་ཐུབ་པའི་རྒྱ་སེ་མེ་ཏོག་རིགས་གསར་པ་བཅས་ཀྱིས་སྐྱེད་ཚལ་རྒྱུན་འཛིན་དང་གསར་གཏོད་ལ་དཔང་པོ་བྱས། ཧྲའན་ཤིས་ཀྱི་འགྲེམས་ཁུལ་ནང་མཛེས་ཤིང་ལྟ་ན་སྡུག་པའི་ཁོག་མའི་མཛེས་རྩལ་རྣམ་པར་སྐུ་མགྲོན་ཚོས་བསྔགས་བརྗོད་ཚད་མེད་བྱེད། ཤིན་ཅང་ནི་ཀྲུང་གོའི་ཤིང་འབྲས་དང་ཀྭ་རིགས་ཀྱི་ཕ་ཡུལ་ཡིན་ཞིང་། ཤིན་ཅང་གི་འགྲེམས་ཁུལ་སྒོ་རྩར་ཟིལ་པ་ཁྲུམ་ཁྲུམ་གྱི་སེ་འབྲུས་བརྒྱན་པ་དེ་ལས་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་མངོན། ཧུའུ་པེའི་འགྲེམས་ཁུལ་གྱི་ལྕུག་ཕྲན་ཕན་ཚུན་དམ་པོར་སྦྲེལ་བའི་ཁོག་མའི་མེ་ཏོག་གི་མཛེས་ཉམས་ལས་ཀྲུང་གོའི་ཁོག་མའི་མེ་ཏོག་གི་ཐུན་མོང་མིན་པའི་རྣམ་པ་མཚོན།
     ཞི་ཅིན་ཕིང་དང་སྐུ་མགྲོན་ཚོས་ཐུགས་སྣང་གཤིན་པོས་གཟིགས་སྐོར་དང་བཀའ་མོལ་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོའི་འགྲེམས་ཁང་ལས་ས་ཁོངས་ཀྱི་རིག་གནས་ཟབ་མོ་མངོན་ལ། 
     ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་དུ་2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་སྟངས་དཔྱལ་དང་ལྷན་དུ་སྐྱེད་ཚལ་གྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།
     མཛེས་སྡུག་ལྡན་པའི་སྐྱེད་ཚལ་གྱི་གཏམ་རྒྱུད་བརྗོད་པ་དང་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ཀྱང་གཅིག་ཏུ་འདུས་ཡོད། དེ་དག་ཁྲོད་ནས་ང་ཚོས་མཛེས་ཉམས་ཀྱིས་ཕྱུག་པའི་སྐྱེད་ཚལ་གྱི་རྣམ་པ་མྱོང་རོལ་ཐུབ་པ་དང་ཀྲུང་གོ་དང་འཛམ་གླིང་གིས་ལྗང་མདོག་འཚོ་བ་དོན་གཉེར་དང་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་ཀྱི་འདུ་ཤེས་དེ་བས་མངོན་ཡོད་ཅེས་གསུངས་པ་རེད།
     ཕྱི་རྒྱལ་གྱི་འགོ་ཁྲིད་ཚོས་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྐྱེད་ཚལ་ལག་རྩལ་པ་ཚོའི་ལག་རྩལ་ལ་བསྔགས་བརྗོད་ཡང་ཡང་གནང་སྟེ་ཀྲུང་གོ་དང་མཉམ་དུ་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོ་དང་ལྷན་དུ་རྒྱལ་ཁབ་ཁག་གི་ཕྱོགས་བསྡུས་འགྲེམས་ཁུལ་དུ་ཕེབས་ཤིང་། ཁོང་རྣམ་པས་ཁམ་ཕུ་ཁྲེ་དང་། ཅེ་ཁེ། ཅི་པོའི་ཐི། ཁེར་གྷི་སི་ཐན། འབར་མ། ནེ་པ་ལ། ཕ་ཁི་སི་ཐན། རི་པིན། སིང་ཀ་ཕོར། ཐ་ཇིག་སི་ཐན་བཅས་ཀྱི་མེ་ཏོག་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། རྒྱལ་ཁབ་བཅུ་ཡི་མེ་ཏོག་འགྲེམས་སྟོན་ནི་རྒྱལ་ཁབ་ཁག་གི་མཚོན་བྱེད་མེ་ཏོག་དང་ཁྱད་ལྡན་མེ་ཏོག་ལས་གྲུབ་ནས་རྒྱལ་ཁབ་ཁག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་དང་རང་བྱུང་ཉམས་འགྱུར་མངོན་པ་དང་ཆབས་ཅིག འཛམ་གླིང་སྐྱེད་ཚལ་གྱི་སྒྱུ་རྩལ་སྟོན་ཚོགས་ནི་འཛམ་གླིང་མི་དམངས་མཛའ་གྲོགས་སྤེལ་རེས་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཡིན་པ་མཚོན་པར་བྱས་ཡོད། ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་མགྲོན་བདག་རྒྱལ་ཁབ་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་འགྲེམས་སྟོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། པེ་ཅིང་འཛམ་གླིང་སྐྱེད་ཚལ་གྱི་སྟོན་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
     དེ་རྗེས་ཞི་ཅིན་ཕིང་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ལྷན་དུ“མཛའ་གྲོགས་ཀྱི་སྔོ་ལྗང་རི་ཀླུང་མཉམ་སྐྲུན”ཞེས་པའི་མཛད་སྒོར་ཞུགས་པ་རེད།

  
style="display:none;"