མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་08ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      སྲིད་ཇུས་དང་བྱེད་ཐབས་ལ་བརྟེན་ནས་འདི་ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་མཚམས་ཀྱི་རིན་བསྡུ་ས་ཚིགས་གཞི་རྩའི་ཆ་ནས་ མེད་པ་བཟོས་ཏེ་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་པ་དང་ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ་དང་། ལམ་ལུགས་གསར་གཏོད་ལ་བརྟེན་ནས་དཔང་ ཡིག་དོན་ཚན་མུ་མཐུད་ཉུང་དུ་དང་ཚད་ལྡན་དུ་གཏོང་རྒྱུ་བཀོད་སྒྲིག་བྱས་ཏེ་སྲིད་དོན་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་སྔར་བས་ལེཌ་སུ་གཏོང་དགོས་པ། ལས་རིཌ་ ཀྱི་རྐྱེན་ནད་འགོག་བཅོས་ལས་དོན་གྱི་སྙན་ཞུ་ཉན་ནས་ལས་བཟོའི་བདེ་ཐང་ཁེ་དབང་དེ་བས་འགན་ལེན་ནུས་ལྡན་བྱ་རྒྱུའི་བླང་བྱ་འདོན་དགོས།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྲིད་ཇུས་དང་བྱེད་ཐབས་ལ་བརྟེན་ནས་འདི་ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་མཚམས་ཀྱི་རིན་བསྡུའི་ས་ཚིགས་གཞི་རྩའི་ཆ་ནས་མེད་པ་བཟོས་ཏེ་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་པ་དང་ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ་དང་། ལམ་ལུགས་གསར་གཏོད་ལ་བརྟེན་ནས་དཔང་ཡིག་དོན་ཚན་མུ་མཐུད་ཉུང་དུ་དང་ཚད་ལྡན་དུ་གཏོང་རྒྱུ་བཀོད་སྒྲིག་བྱས་ཏེ་སྲིད་དོན་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་དགོས་པ། ལས་རིགས་ཀྱི་རྐྱེན་ནད་འགོག་བཅོས་ལས་དོན་གྱི་སྙན་ཞུ་ཉན་ནས་ལས་བཟོའི་བདེ་ཐང་ཁེ་དབང་དེ་བས་འགན་ལེན་ནུས་ལྡན་བྱ་རྒྱུའི་བླང་བྱ་འདོན་དགོས་པ་བཅས་གསལ་སྟོན་གནང་བ་རེད།
      ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་བསྡུའི་གཞུང་ལམ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི་ལོ་གཉིས་ནང་ཚུན་དུ་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་མཚམས་ཀྱི་རིན་བསྡུའི་ས་ཚིགས་གཞི་རྩའི་ཆ་ནས་མེད་པ་བཟོ་རྒྱུའི་ལས་འགན་སྔ་སྣུར་དུ་འདི་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་ཡོང་བ་བྱས་ནས་འཛད་སྤྱོད་པའི་ཁུར་པོ་ཡང་དུ་དང་། ཁེ་ལས་ཀྱི་མ་གནས་དམའ་རུ། ནུས་ལྡན་གྱི་དགོས་མཁོ་ཆེ་རུ་བཅས་གཏོང་ཆེད། ཚོགས་འདུའི་ཐོག་གཏན་འཁེལ་བྱས་པ་སྟེ། གཅིག་ནས་རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། གློག་རྡུལ་གྱི་རླངས་འཁོར་ཁ་འགོག་མི་དགོས་པའི་སྟབས་བདེའི་རིན་བསྡུའི་མ་ལག་ཁྱབ་གདལ་བཏང་ནས་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོའི་སར་ཡོད་པའི་འཁོར་རིགས་ཡོངས་ལ་སྤྱོད་ཐུབ་པའི་བརྩོན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་དང་ཞབས་ཞུ་ལེགས་སུ་བཏང་སྟེ་མང་ཚོགས་ལ་ཐག་ཉེ་ས་དང་། སྟབས་བདེ་ས། རིན་པ་མི་དགོས་པ་བཅས་ཀྱི་ཐོག་ནས་རླངས་འཁོར་ཁ་འགོག་མི་དགོས་པའི་སྟབས་བདེའི་རིན་བསྡུའི་མ་ལག་བསྒར་རྒྱུར་སྟབས་བདེ་སྐྲུན་དགོས། གཉིས་ནས་ཟོག་འདྲེན་རླངས་འཁོར་ཤར་བགྲོད་གླ་རིན་གྱི་སྤྱིའི་ཁུར་པོ་ལྕི་རུ་མི་འགྲོ་བའི་གནས་ཚུལ་འོག ཟོག་འདྲེན་རླངས་འཁོར་ཤར་བགྲོད་གླ་རིན་རྩིས་རྒྱག་ཐབས་ལེགས་སུ་གཏོང་དགོས། བཀག་སྡོམ་རྣམ་པའི་མྱུར་བགྲོད་གཞུམ་ལམ་གྱི་རིན་བསྡུའི་ས་ཚིགས་ཀྱི་འཛུལ་སྒོར་དུས་གཅིག་ཏུ་རླངས་འཁོར་ཁ་འགོག་མི་དགོས་པར་ལྗིད་ཚད་འཇལ་ནས་གཤོང་ཚད་ལས་མི་བརྒལ་བ་བྱེད་དགོས། གསུམ་ནས་ཉམས་མྱོང་འཚོལ་ཞིབ་ཀྱིས་འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཀོད་དང་མ་ལག་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་སོས་པ་སྐྱེལ་འདྲེན་བྱེད་པའི“ཤར་གཏོང་བགྲོད་ལམ”སོགས་ཀྱི་གླ་རིན་ཆག་ཡང་དང་རྩ་ཆག་སྲིད་ཇུས་བཟང་དུ་གཏོང་དགོས། ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་འཁོར་རིགས་སོགས་ཤར་བགྲོད་དོ་དམ་སྲིད་ཇུས་ལ་ཞིབ་འཇུག་བྱས་ནས་གཅིག་གྱུར་བཟོ་དགོས་པ་བཅས་རེད། ཚོགས་འདུའི་ཐོག་ད་དུང་གླ་རིན་བསྡུ་མཁན་ཁག་བགོས་བཀོད་སྒྲིག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་ཡག་པོ་བཟོས་ནས་ལས་སྒྱུར་བྱེད་པ་ལས་ལས་ཀ་མི་ཤོར་བ་བྱེད་དགོས་པའི་ནན་བཤད་ཀྱང་བྱས་པ་རེད།
      ཚོགས་འདུའི་ཐོག་བསྟན་དོན། ལམ་ལུགས་ཐོག་ནས་བྱ་བ་སྒྲུབ་དཀའ་བ་དང་སྒྲུབ་འགོར་བའི་གནད་དོན་ཐག་གཅོད་བྱེད་ཆེད། ཉེ་བའི་ལོ་ཤས་རིང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་སྟེ། རིགས་ཁག་གི་དཔང་ཡིག་དོན་ཚན་ཉུང་དུ་ཤུགས་ཆེན་བཏང་ནས་སྤྱི་པའི་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཡོད། གོམ་སྟབས་རྗེས་མར་དཔང་ཡིག་དོན་ཚན་མུ་མཐུད་གསེད་བཀྲོལ་དང་མེད་པ་བཟོ་བ་དང་། སོར་འཇོག་དོན་ཚན་ལ་གསལ་ཐོའི་ཐོག་ནས་དོ་དམ་བྱེད་པ། 
      དཔང་ཡིག་དོན་ཚན་ལན་སྤྲོད་ཁས་ལེན་ལམ་ལུགས་འཛུགས་པར་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡིད་རྟོན་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཚོགས་འདུར་གཏན་འབེབས་བྱས་དོན། ཐེན་ཅིན་དང་། ལེའོ་ཉིང་། ཧྲང་ཧའེ། ཀོང་ཏུང་། སི་ཁྲོན། ཧྲའན་ཤིས་སོགས་ཞིང་ཆེན(གྲོང་ཁྱེར)13དང་སྤྱི་བདེ་པུའུ་དང་། ཁྲིམས་འཛིན་པུའུ། མི་སྤྱི་པུའུ། རང་བྱུང་ཐོན་ཁུངས་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་སྡེ་ཚན་5རུ་ཚོད་ལྟ་བྱེད་དགོས། ཚོད་ལྟ་བྱེད་རིང་རེ་འདུན་ཞུ་མཁན་གྱིས་སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་གཏན་འཁེལ། སྲིད་འཛིན་འཇལ་སྤྲོད་སོགས་དོན་ཚན་སྒྲུབ་པའི་རེ་འདུན་ཞུ་སྐབས། སྲིད་འཛིན་ལས་ཁུངས་ཀྱིས་ཡིག་ཐོག་ནས་གཏན་འབེབས་བྱས་པའི་དཔང་ཡིག་གི་འོས་འགན་དང་ནང་དོན་ཐེངས་གཅིག་རང་བཞིན་གྱིས་རེ་འདུན་ཞུ་མཁན་ལ་ཤོད་དགོས། རེ་འདུན་ཞུ་མཁན་གྱིས་དེ་གོང་ཤེས་པའི་ཆ་རྐྱེན་དང་། ཚད་གཞི། བླང་བྱ་བཅས་དང་འཚམ་པ་ཡིག་ཐོག་ནས་ཁས་བླངས་པ་མ་ཟད། དྲང་གཞག་མིན་པའི་ཁས་ལེན་གྱི་བཅའ་ཁྲིམས་ཀྱི་འགན་འཁྲི་ཡང་འཁུར་འདོད་པའི་རྣམ་འགྱུར་བསྟན་རྗེས། སྲིད་འཛིན་ལས་ཁུངས་ཀྱིས་སླར་ཡང་དཔང་ཡིག་དགོས་པའི་རེ་བ་མི་འདོན་པ་དང་། ཁས་ལེན་གཞིར་བཟུང་འབྲེལ་ཡོད་དོན་ཚན་སྒྲུབ་པ་མ་ཟད། ཆ་འཕྲིན་མཉམ་སྤྱོད་དང་དྲ་སྦྲེལ་ཞིབ་བཤེར་སོགས་ཀྱིས་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས།
      ཚོགས་འདུར་ལས་ནད་འགོག་བཅོས་ལས་དོན་གྱི་སྙན་ཞུ་ཉན་པ་རེད། ངལ་རྩོལ་པའི་ལས་རིགས་བདེ་ཐང་གི་ཁེ་དབང་དེ་བས་འགན་ལེན་ཡག་པོ་བྱེད་ཆེད། ཚོགས་འདུར་ཐོག་རང་རྒྱལ་གྱི་ལས་ནད་ཀྱི་ནད་རིགས་གཙོ་བོ་སྟེ་རྡུལ་གྲིབ་གློ་ནད་ལ་དམིགས་ཏེ། གཏེར་ཁ་དང་། གསེར་བཙོ་སྦྱངས། འཛུགས་སྐྲུན་རྒྱུ་ཆ་སོགས་ལས་རིགས་སུ་རྡུལ་གྲིབ་ཀྱི་གནོད་འཚེ་བཅོས་སྒྲིག་ལས་དོན་སྤེལ་ཏེ། ལས་རིགས་ཀྱི་བདེ་ཐང་ལ་ལྟ་འདོམས་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་རྩད་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"