མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སློབ་གཉེར་མི་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་དམག་དཔུང་
སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ནུས་ལྡན་བྱེད་
དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་23ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་སློབ་གཉེར་མི་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་དམག་དཔུང་
སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ནུས་ལྡན་བྱེད་
དགོས་པའི་ནན་བཤད་གནང་བ།

      ཟླ་5ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྐམ་དམག་རྐང་དམག་སློབ་གླིང་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སློབ་མ་ཚོའི་ཉེན་ཆེའི་སྤྲོ་ཆེའི་སྦྱོང་བརྡར་ལ་གཟིགས་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྐམ་དམག་རྐང་དམག་སློབ་གླིང་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བ། གཡུལ་སར་ཁ་ཕྱོགས་པ་དང་། དཔུང་སྡེར་ཁ་ཕྱོགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱི་སྒོ་ནས་ནང་དོན་ཟབ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་པ་དང་། ཆབ་སྲིད་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གཉེར་ངེས་གནས་བརྟན་པོ་སྲུང་བ། སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ། སློབ་གཉེར་མི་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་སྐམ་དམག་རྐང་དམག་སློབ་གླིང་དུ་ཕེབས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་ཅང་ཤིས་རུ་བཅའ་སྡོད་དཔུང་སྡེའི་ཧྲི་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་སྒྲིག་ཚུད་ཐོན་རིམ་པ་ཚན་པའི་དམག་དཔོན་གཙོ་བོ་དང་། སྐམ་དམག་རྐང་དམག་སློབ་གླིང་དེ་རང་གི་ཐོན་རིམ་པ་རྒན་པ་ཡན་གྱི་ལས་བྱེད་པ་དང་ཧྲི་ཅ་ཀྲོང་སློབ་ཁུལ་གྱི་དམག་དཔོན་གཙོ་བོ། རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བའི་འཐུས་མི་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
      སློབ་གླིང་གི་སྦྱོང་བརྡར་ཐང་དུ་སློབ་མ་ཚོ་རྒྱ་སྟག་གཡུ་འབྲུག་ལྟར་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱེད་སྒང་ཡིན་པ་རེད། ཞི་ཅིན་ཕིང་གིས་གེགས་སྒྲོལ་སྦྱོང་བརྡར་ར་བའི་འགྲམ་དུ་ཕེབས་ཏེ་སློབ་མ་ཚོའི་སྦྱོང་བརྡར་གནས་ཚུལ་ལ་གཟིགས། ཉེན་ཆེའི་སྤྲོ་ཆེའི་སྦྱོང་བརྡར་ནི་སློབ་མའི་ཤེད་ཤུགས་དང་། བློ་སྟོབས། སེམས་ཁམས་བཅས་ལ་ཞུན་བརྡར་དང་དེ་བཞིན་གཡུལ་སའི་འཕྲོད་ནུས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ཞི་ཅིན་ཕིང་གིས་ཉེན་ཆེའི་སྤྲོ་ཆེའི་སྦྱོང་བརྡར་ར་བར་ཕེབས་ཏེ་འབྲེལ་ཡོད་སྦྱོང་བརྡར་སྒྲིག་ཆས་དང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
      སྦྱོང་བརྡར་ར་བ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་སློབ་གླིང་དེའི་གསར་བརྗེའི་ཐོན་ཁུངས་ཞིབ་འཇུག་ལྟེ་གནས་སུ་ཕེབས། དུས་ཡུན་རིང་པོའི་ནང་སློབ་གླིང་དེས་གསར་བརྗེའི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་མི་སྣ་སྐྱོང་རྒྱུའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཞི་ཅིན་ཕིང་གིས་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་གསན་རྗེས་སློབ་གླིང་གི་བྱེད་ཐབས་ལ་ཁས་ལེན་གནང་ཞིང་། ཁོང་གིས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་གཏོང་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ཏེ་དམར་དམག་གི་རྒྱུད་འཛིན་པ་མི་རབས་མང་པོ་རྒྱུན་མི་ཆད་པར་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
      དེ་རྗེས་ཞི་ཅིན་ཕིང་གིས་སློབ་གླིང་གི་ལས་དོན་སྐོར་གྱི་སྙན་སེང་གསན་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་སློབ་ཆེན་གང་འདྲ་ཞིག་གཉེར་བ་དང་ཤེས་ལྡན་པ་ཇི་འདྲ་ཞིག་གསོ་སྐྱོང་བྱེད་པ་ནི་སློབ་གཉེར་མི་སྐྱོང་གི་ཐོག་མར་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད་ཅེས་ནན་བཤད་གནང་བ་དང་། ཁོང་གིས་སློབ་གྲྭ་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་ཡུལ་ཡིན་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཀུའུ་ཐེན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་དང་དམག་ཨུད་ཀྱི་ཏང་འཛུགས་སྐྱོང་ཚོགས་འདུའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་བླང་བྱ་སློབ་གཉེར་སློབ་སྐྱོང་གི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས། དམག་དཔུང་སློབ་གྲྭ་ནི་དམག་རྒྱག་ཆེད་དུ་ཐོན་པ་དང་བཙུགས་པ་ཞིག་ཡིན་པས་ངེས་པར་དུ་དངོས་འཐབ་ལ་བརྟེན་ནས་སློབ་ཁྲིད་བྱེད་པ་དང་རྒྱལ་ཁ་ལེན་རྒྱུར་དམིགས་ནས་མི་སྣ་སྐྱོང་དགོས། དམག་འཐབ་ཆེད་དུ་མི་སྣ་སྐྱོང་བའི་སྟོན་ཕྱོགས་གསལ་པོ་བཙུགས་ཏེ་སློབ་གཉེར་བྱེད་སྒོ་མཐའ་དག་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་རྒྱུར་དམིགས་དགོས། དེང་རབས་དམག་འཐབ་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་སྐམ་དམག་ཕྱོགས་སྒྱུར་འཛུགས་སྐྱོང་གི་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་དམག་རྒྱག་ལ་གང་ཞིག་མཁོ་བ་དེ་སློབ་པ་དང་དཔུང་སྡེར་གང་ཞིག་མཁོ་བ་དེ་སྦྱངས་ནས་ཤེས་ལྡན་པ་གསོ་སྐྱོང་གི་མཁོ་སྤྲོད་ཕྱོགས་དང་ཕྱིས་འབྱུང་གཡུལ་སའི་དགོས་མཁོ་གནད་སྨིན་སྦྲེལ་མཐུད་ཐུབ་པ་བྱེད་དགོས། རྩེ་རིམ་ཇུས་འགོད་དང་ཕུགས་ཀྱི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་དམིགས་ཚད་རི་མོ་དང་། ལམ་ཐིག་ས་བཀྲ ཨར་སྐྲུན་ས་བཀྲ་བཅས་བྲིས་ཏེ་འཆར་གཞི་ཡག་པོ་ཞིག་འདིང་རྒྱུར་དམ་འཛིན་མཐར་ཕྱིན་པ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་བཅོས་སྒྱུར་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་བློ་ཁོག་ཆེན་པོས་བསམ་བློ་བཅིངས་འགྲོལ་དང་། ལག་ལེན་དང་འཚོལ་ཞིབ་ལ་ཤུགས་སྣོན། སློབ་གཉེར་བྱེད་སྟངས་དང་འཁོར་རྒྱུག་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དུས་བབ་ཀྱི་ལས་འགན་དང་དགོས་མཁོ་ལ་དམ་པོར་དམིགས་ཏེ་དངོས་འཐབ་ཅན་གྱི་སློབ་ཁྲིད་སྒྱུར་བཅོས་ལ་དམ་འཛིན་ནན་པོ་དང་། རིག་གཞུང་ཚན་ཁག་གི་བཀོད་ཇུས་ལེགས་གཏོང་། ཆེད་ལས་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ། སློབ་ཁྲིད་ཀྱི་ནང་དོན་གསར་སྒྱུར་བཅས་ཀྱི་སྒོ་ནས་རིག་ཚན་ཆེད་ལས་འཛུགས་སྐྱོང་དུས་བསྟུན་མདུན་སྐྱོད་ལ་སྐུལ་འདེད་གཏོང་དགོས། ལེགས་བསྡུས་ཧྲག་བསྡུས་དང་། སྒོ་དབྱེའི་སློབ་གཉེར། མཉམ་འབྲེལ་མི་སྐྱོང་བཅས་མཐའ་འཁྱོངས་ཀྱིས་སློབ་གླིང་གི་དགེ་རྒན་སྟོབས་ཤུགས་བསྡུ་སྒྲིལ་རིམ་སྤོར་ལ་ཤུགས་སྣོན་དང་སློབ་གྲྭའི་ཕྱི་རོལ་གྱི་ཕུལ་བྱུང་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱས་ནས་མཉམ་སྤྱོད་བྱེད་པ་དང་། ཉམས་སད་ཐེག་ཐུབ་པའི་དགེ་རྒན་དཔུང་ཁག་ཅིག་གཏོད་དགོས། 
     དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལྷན་སྦྱར་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་སྦྱོང་བརྡར་བདེ་བླག་ངང་བྱེད་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་སློབ་གླིང་གི་ཏང་ཨུད་ཚན་ཁག་གིས་སྣེ་འཁྲིད་དེ་རང་ངོས་འཛུགས་སྐྱོང་དང་ཆབ་སྲིད་ཀྱི་ཞུན་བརྡར་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཀྱི་ཆུ་ཚད་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ལྷག་བསམ་ཟོལ་མེད་ཀྱིས་རྒྱ་ཆེའི་དགེ་སློབ་དང་ལས་བཟོའི་དཀའ་ངལ་དངོས་སེལ་བ། ཚང་མ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སློབ་གླིང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ནན་པོ་ཨང་དང་པོར་འཇོག་པ་དང་། ཕྱོགས་ཡོངས་ནས་ནན་པོ། ནན་པོ་མཐར་ཕྱིན་བཅས་མཐའ་འཁྱོངས་ཀྱིས་སློབ་སྲོལ་དང་། ཁྲིད་སྲོལ། ཞིབ་སྲོལ། རྒྱུགས་སྲོལ་བཅས་ནན་དུ་གཏོང་དགོས་པ་དང་། “སྤྱོད་ཚུལ་བཞི”དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དག་ཐེར་གཏིང་ཟབ་བྱས་ཏེ་སྤྱོད་བཟང་གཞུང་དྲང་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
     ཀྲང་ཡིའུ་ཞ་སོགས་ལྷན་དུ་བྱེད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"