མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཛད་སྒོར་ཞུགས་ཏེ་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས་
གནང་བའི“རྒྱལ་པོའི་ཅོད་པན་གྱི་བྱས་རྗེས་གཟེངས་རྟགས”བཞེས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་17ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དྷུ་ཤང་པེ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྷུ་ཤང་པེར་མཛད་སྒོར་ཞུགས་ཏེ་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས་གནང་བའི“རྒྱལ་པོའི་ཅོད་པན་གྱི་བྱས་རྗེས་གཟེངས་རྟགས”བཞེས་པ་རེད།
    བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཙུང་ཐུང་ལས་ཤག་ཏུ་འཚོགས་པ་དང་། ཐ་ཇིག་སི་ཐན་ཕྱོགས་ཀྱི་མཛད་སྒོའི་བྱ་རིམ་བརྗོད་མཁན་གྱིས་བྱས་རྗེས་གཟེངས་རྟགས་སྤྲོད་པའི་ཙུང་ཐུང་གི་བཀའ་རྒྱ་སྒྲོག་སྦྱངས་བྱས་རྗེས། ལཱ་ཧོ་མོང་གིས་ཞི་ཅིན་ཕིང་ལ་ཐ་ཇིག་སི་ཐན་རྒྱལ་ཁབ་ཀྱི་གཟེངས་རྟགས་མཐོ་ཤོས“རྒྱལ་པོའི་ཅོད་པན་གྱི་བྱས་རྗེས་གཟེངས་རྟགས”བསྒྲོན་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཛའ་ཞིང་བརྩེ་བའི་ངང་ཕྱག་བཏང་རེས་གནང་བ་མ་ཟད། དྲན་རྟེན་སྐུ་པར་ཡང་བསྒྲོན་པ་རེད།
     ལཱ་ཧོ་མོང་གིས། ཞི་ཅིན་ཕིང་གིས་ཐ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཚད་མཐོའི་བསྔགས་བརྗོད་གནང་སྟེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་བས་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཙུང་ཐུང་ལཱ་ཧོ་མོང་གིས་ཕྲན་ལ་སྤྲད་པའི“རྒྱལ་པོའི་ཅོད་པན་གྱི་བྱས་རྗེས་གཟེངས་རྟགས”དེའི་ནང་ཐ་ཇིག་སི་ཐན་མི་དམངས་ཡོངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་འདུས་པས་ཕྲན་གྱི་དེར་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཕྲན་གྱི་ཀྱང་ཙུང་ཐུང་ལཱ་ཧོ་མོང་དང་མཉམ་དུ་ཀྲུང་ཐའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་དུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་ལྷན་དུ་ཞུགས་པ་རེད།

  
style="display:none;"