མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་
འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་17ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་
འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།

     ཟླ་6ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པི་སི་ཁེག་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་དགུ་པ་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁཱ་ཡེ་ཧྥུའུ། ཁེར་གྷི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པེ་ཁོ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་ཚོགས་འདུར་ཞུགས་པ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས“ཧྲང་ཧའེ་ཡི་སྙིང་སྟོབས”ཁྲོད་བློ་རིག་སྔོག་འདོན་བྱེད་པ་དང་མཐུན་སྒྲིལ་མཉམ་ལས་ཁྲོད་སྟོབས་ཤུགས་འཕེལ་ཐབས་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་ཕན་ཚུན་མཐུན་སྒྲིལ་དང་ཡིད་ཆེས་དང་། བདེ་ཉེན་མཉམ་ཁུར། གཉིས་ཁེ་གཉིས་ཕན། བསྟུན་མཁས་དང་ཕན་ཚུན་མྱོང་ལེན་བཅས་ཀྱི་མིག་དཔེ་ཞིག་ཏུ་བསྐྲུན་ནས་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
     ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཨ་ལར་ཆ་རྒྱལ་མགྲོན་ཁང་གི་གྲོས་ཚོགས་ལྟེ་གནས་ཀྱི་ཚོམས་ཆེན་དུ་འབྱོར་སྐབས་ཙུང་ཐུང་རེ་ཨེན་པེ་ཁོ་ཧྥུའུ་ཡིས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་གནང་བ་རེད།
     ཁོངས་མིའི་རྒྱལ་ཁབ་གྱི་གཙོ་བདག་ཚོས་དང་ཐོག་ཁྱབ་ཁོངས་ཆུང་བའི་གྲོས་མོལ་གནང་བ་དང་། དེ་རྗེས་ལྟ་ཞིབ་པའི་རྒྱལ་ཁབ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉི་དང་། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ། དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པཱ་ཐེ་ཐུའུ་ལེ་ཀ དེ་བཞིན་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་འཐུས་མི་ཁྱབ་ཁོངས་ཆེ་བའི་གྲོས་མོལ་ལ་གདན་ཞུ་བྱས་ཡོད། ཙུང་ཐུང་རེ་ཨེན་པེ་ཁོ་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཚོགས་ཞུགས་ཕྱོགས་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཚུལ་སྐོར་ལ་གྲོས་བསྡུར་གནང་བ་དང་མིག་སྔའི་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་དུས་བབ་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་འགྲོ་ཚུལ་དང་མདུན་ལམ། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་བཅས་ལ་དམིགས་ནས་དགོངས་འཆར་བརྗེ་རེས་གནང་བས་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་བྱུང་ཡོད།
     ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག《ནུས་སེམས་གཅིག་སྒྲིལ་དང་དངོས་སྒྲུབ་ལག་བསྟར་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
    ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཆིང་ཏའོ་དབུ་ཚོགས་འཚོགས་ཚུན་ཁོངས་མིའི་རྒྱལ་ཁབ་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”ཕྱོགས་སྟོན་དུ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་དོན་དངོས་ཕྱོགས་སུ་བསྐྱོད་རྒྱུར་ཡར་སྐུལ་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདི་ཉིད་འགོ་འཛུགས་ས་གསར་པའི་ཐོག་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་འཕོ་འགྱུར་ཆེན་པོ་ཕྱིན་ཡོད། 
    འོན་ཀྱང་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ལྡོག་ཐབས་མེད། ང་ཚོས་འཛམ་གླིང་སྣ་མང་ཅན་དང་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཡང་དག་ཆུད་པ་བྱས་ནས“ཧྲང་ཧའེ་ཡི་སྙིང་སྟོབས”ཁྲོད་བློ་རིག་སྔོག་འདོན་བྱེད་པ་དང་མཐུན་སྒྲིལ་མཉམ་ལས་ཁྲོད་སྟོབས་ཤུགས་འཕེལ་ཐབས་བྱས་ཏེ་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལག་གདང་སྦྲེལ་ནས་སྐྲུན་དགོས།
     དང་པོ། ང་ཚོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་མཐུན་སྒྲིལ་དང་ཡིད་ཆེས་ཀྱི་མིག་དཔེ་ཞིག་ལ་སྐྲུན་དགོས་པ་དང་། གཉིས་པ། ང་ཚོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་བདེ་ཉེན་མཉམ་ཁུར་གྱི་མིག་དཔེ་ཞིག་ཏུ་སྐྲུན་དགོས་པ། གསུམ་པ། ང་ཚོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་གཉིས་ཁེ་གཉིས་ཕན་གྱི་མིག་དཔེ་ཞིག་ཏུ་སྐྲུན་དགོས་པ། བཞི་པ། ང་ཚོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་བསྟུན་མཁས་དང་ཕན་ཚུན་མྱོང་ལེན་གྱི་མིག་དཔེ་ཞིག་ཏུ་སྐྲུན་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉིན་རེ་བཞིན་ཆེ་རུ་འགྲོ་བའི་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་གཏད་ནས་ང་ཚོས་དགོས་ངེས་ཀྱི་རྒྱལ་སྤྱིའི་འགན་འཁྲི་འཁུར་ལུགས་མཚོན་པར་བྱེད་པར་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་གི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་པ། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་སྔར་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རོགས་ཟླའི་འབྲེལ་བའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བར་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་འཛམ་གླིང་གི་ཞི་བདེ་ཡུན་གནས་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཐུན་མོང་ཐོག་ཤུགས་རྒྱག་དགོས། ང་ཚོས“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཛིན་བྱས་ཏེ་གོང་བུ་གཅིག་སྒྲིལ་དང་དངོས་སྒྲུབ་ལག་བསྟར་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།
    ཚོགས་ཞུགས་འགོ་ཁྲིད་པས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ནན་སྲུང་བྱས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་ཐོག་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་འབྲེལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་དང་གཏོད་རྒྱུར་ཤུགས་བརྒྱབ་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་ཧུར་ཐག་གཏོང་རྒྱུའི་མོས་མཐུན་ཡོད་ཅེས་བསྐྱར་བསྒྲགས་གནང་བ་རེད། 

ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་རྗེས་ཚོགས་ཞུགས་འགོ་ཁྲིད་པ་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།
ཁྱབ་ཁོངས་ཆེ་བའི་གྲོས་མོལ་གནང་རྗེས་ཚོགས་ཞུགས་འགོ་ཁྲིད་པ་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

  
style="display:none;"