མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་
ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་21ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་
ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོང་དབྱང་ཅིང་ཞིའུ་ཧྲན་མགྲོན་ཁང་དུ་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་ཨ་ཡོན་ཀྲང་དང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་། ཕྱོགས་གཉིས་ནས་གཅིག་མཐུན་གྱི་མོས་མཐུན་བྱུང་བ་སྟེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་རུ། ཀྲུང་གོ་དང་ཁོ་རེ་ཡ་བྱང་མས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་དེ། ཐུན་མོང་ཐོག་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལ་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱ་འདོད་ཡོད། 
     ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ནས་བཟུང་། ང་དང་བློ་མཐུན་ཨུ་ཡོན་ཀྲང་ཐེངས་བཞི་ལ་ཐུག་འཕྲད་བྱས་ཤིང་། ཀྲུང་གོ་དང་ཁོ་རེ་ཡ་བྱང་མ་བར་གྱི་འབྲེལ་བའི་ལེ་ཚན་གསར་པ་བརྩམས་པ་མ་ཟད། ཕན་ཚུན་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཨུ་ཡོན་ཀྲང་བློ་མཐུན་ཅིན་ཀྲེང་ཨེན་གྱིས་ཐེངས་འདིར་ང་འཚམས་འདྲི་ཡོང་བར་དགའ་བསུ་གཟབ་རྒྱས་ཞུས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་དེ་རིང་གནམ་གྲུ་ནས་བབས་ཏེ་སྡོད་སར་སླེབས་རག་བར། གང་སར་ཀྲུང་གོ་དང་ཁོ་རེ་ཡ་བྱང་མ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པས་ཁེངས་ཡོད་པའི་ཚོར་བ་ཟབ་མོ་བྱུང་། ད་ལོ་ནི་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བའི་དུས་རེད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་སྔ་མཐུད་ཕྱི་འདྲེན་དང་སྔ་འཛིན་ཕྱི་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ང་དང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་སླར་ཡང་ཕོང་དབྱང་དུ་ཐུག་འཕྲད་བྱུང་བ་རེད། ཐེངས་འདིར་ང་རང་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་མཛའ་བརྩེ་སྲ་བརྟན་རྒྱུན་འཛིན་ཡོང་ཆེད་དང་། ཁོ་རེ་ཡ་བྱང་མའི་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བྱེད་པའི་ཆེད་དུ་ཡོང་བ་ཡིན། ཐེངས་འདིའི་འཚམས་འདྲིའི་གོ་སྐབས་དང་བསྟུན་ནས། ང་ཚོས་ཐུན་མོང་ངང་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་བར་གྱི་འབྲེལ་བ་ལ་མཛེས་སྡུག་གི་མ་འོངས་པ་གཏོད་ཐུབ་པ་དང་། ཐུན་མོང་ངང་ཀྲུང་གོ་དང་ཁོ་རེ་བྱང་མའི་བར་གྱི་མཛའ་གྲོགས་ཀྱི་ལེ་ཚན་གསར་པ་འགོ་རྩོམ་ཐུབ་པའི་ཡིད་ཆེས་ཡོད་ཅེས་དང་། 
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་བར་གྱི་འབྲེལ་བའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཚེ། གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་འབྲེལ་བའི་གཞི་རྩའི་ངོ་བོ་ཡིན་པ་དང་། ཐུན་མོང་གི་ཕུགས་འདུན་དད་སེམས་དང་འབད་བརྩོན་གྱི་དམིགས་འབེན་ནི་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་འབྲེལ་བ་མདུན་དུ་བསྐྱོད་ཐུབ་པའི་སྒུལ་ཤུགས་ཡིན། ཆེས་མཐོའི་འགོ་ཁྲིད་བར་གྱི་མཛའ་བརྩེ་རྒྱུན་བསྲིངས་དང་འཐབ་ཇུས་སྣེ་ཁྲིད་ནི་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་བར་གྱི་འབྲེལ་བའི་ལེགས་ཆ་ཆེ་ཤོས་དང་། ས་བབ་ཀྱི་འབྲེལ་བ་དང་རིག་གནས་ཀྱི་འབྲེལ་བ་ནི་ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་འབྲེལ་བ་སྲ་བརྟན་གཏོང་བའི་སྒྲོག་ཐག་ཡིན་པའི་ཤེས་རྟོགས་ཟབ་མོ་བྱུང་། ཀྲུང་གོ་དང་ཁོ་རེ་ཡ་བྱང་མའི་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་སྨོན་དང་མཐུན་ལ། རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། དུས་རབས་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་མཐུན། ཕྱོགས་གཉིས་ཀྱི་ཕུགས་འདུན་དོན་ཆེན་ལ་དམིགས་པའི་འཐབ་ཇུས་འདེམས་གསེས་ཀྱང་ཡིན་པས། རྒྱལ་སྤྱིའི་འགྱུར་བ་དང་བསྟུན་ནས་གཡོ་འགུལ་ཐེབས་མི་སྲིད་པ་ང་ཚོ་ལ་ཡིད་ཆེས་ཡོད་ཅེས་བསྟན།

༄༅།།ཞི་ཅིན་ཕིང་གིས་ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་
ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

  
style="display:none;"