མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་
པའི་གཞུང་ཞབས་པའི་མཉམ་སྡེབ”ཀྱི་གཟེངས་བསྟོད་ཐོབ་མཁན་འཐུས་མིར་མཇལ་
འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་27ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་
པའི་གཞུང་ཞབས་པའི་མཉམ་སྡེབ”ཀྱི་གཟེངས་བསྟོད་ཐོབ་མཁན་འཐུས་མིར་མཇལ་
འཕྲད་གནང་བ།

     ཟླ་6ཚེས་25ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་ཀྱི་སྐབས་དགུ་པའི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ཀྱི་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་བ།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་རྒྱལ་ཡོངས་ཀྱི་སྐབས་དགུ་པའི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། ཁོང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་རང་འཁྲིའི་ལས་གནས་ཐོག་གཡུར་ཟའི་གྲུབ་འབྲས་དེ་བས་མང་པོ་གཏོད་རྒྱུའི་སྐུལ་ལྕག་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
     ཕྱི་དྲོའི་ཆུ་ཚོད་4དང་སྐར་30ལ་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་བྱམས་བརྩེའི་ངང་ཕྱག་བཏང་བ་དང་སྐབས་འགར་བཀའ་མོལ་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་ལྷན་བཞུགས་དྲན་རྟེན་སྐུ་པར་བསྒྲོན་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཤིས་མཇལ་འཕྲད་ནང་ཞུགས་པ་མ་ཟད། གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་གཞུང་ཞབས་པ་ནི་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་ཤུགས་གལ་ཆེན་ཞིག་རེད། རྒྱ་ཆེའི་གཞུང་ཞབས་པ་ཚོས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་སློབ་སྦྱོང་བྱས་ཏེ་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འགྱུར་མེད་ཀྱི་དད་སེམས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། དུས་རབས་དང་། མི་དམངས། ལོ་རྒྱུས་བཅས་ལ་ངོ་གནོང་མི་དགོས་པའི་ལོ་རྒྱུས་ཀྱི་བྱས་རྗེས་འཇོག་པ་བཅས་བྱས་ཏེ“མི་དམངས་བློ་ཡིད་ཚིམ་པ་ཞེས་པའི”བླ་ན་མེད་ལ་མཆོག་ཏུ་གྱུར་པའི་གཟི་བརྗིད་ལ་འོད་ཟེར་འཕར་མ་བསྣན་དགོས་ཞེས་གསུངས་པ་རེད།
     རྒྱལ་ཡོངས་ཀྱི་སྐབས་དགུ་པའི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ཀྱི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྒྲིག་འཛུགས་བྱས་པ་ཞིག་རེད། ཚོགས་ཆེན་ཐོག“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”192དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”98ལ་གཟེངས་བསྟོད་བྱས་པ་རེད།

  
style="display:none;"