མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོཌ་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་
མི་སྣའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་27ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་25ཉིན། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་མི་སྣའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་ན་ནིང་ཟླ་9པར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གྲུབ་འབྲས་ལྡན་པའི་ངང་འཚོགས་པར་ཀྲུང་ཧྥེའི་འབྲེལ་བའི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། ཀྲུང་ཧྥེའི་འགོ་ཁྲིད་མི་སྣས་ཀྲུང་ཧྥེས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་འགན་འཁྲི་མཉམ་འཁུར་དང་། མཉམ་ལས་གཉིས་ཕན། བདེ་སྐྱིད་མཉམ་རོལ། རིག་གནས་མཉམ་དར། བདེ་འཇགས་མཉམ་སྐྲུན། ཞི་མཐུན་མཉམ་གནས་བཅས་ཀྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པ། ཀྲུང་ཧྥེའི་མཉམ་ལས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”མཉམ་དུ་ལག་ལེན་བསྟར་བ་བཅས་བྱས་ཏེ་ཀྲུང་ཧྥེའི་འབྲེལ་བ་དེ་ཆུ་ཚད་སྔར་བས་མཐོ་བར་གོང་འཕེལ་འགྲོ་རྒྱུར་འཆར་གཞི་གསར་པ་ཞིག་འདིང་རྒྱུའི་གྲོས་ཐག་གཅིག་མཐུན་ཐོག་བཅད་ཡོད། ངས་ཀྲུང་ཧྥེ་ཕྱོགས་གཉིས་པོས་བསམ་སྦྱོར་གཅིག་མཐུན་གྱིས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དགའ་འོས་པའི་དུས་འགོའི་གྲུབ་འབྲས་ཁག་གཅིག་ཐོབ་པ་དང་ཀྲུང་ཧྥེའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པ་དགའ་ཚོར་ཆེན་པོས་མཐོང་བྱུང་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ལ་ལོ་བརྒྱར་འཕྲད་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྤྱི་ཡོངས་དར་རྒྱས་འགྲོ་བའི་འཕེལ་ཕྱོགས་ཤུགས་ཆེན་པོ་ཡོད་པ་རེད། ཀྲུང་ཧྥེ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་ལས་དང་ཐུན་མོང་ཐོག་གོང་འཕེལ་བཏང་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེར་གཏོང་དང་། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་དེ་བཞིན་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

  
style="display:none;"