མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་རི་པིན་གྱི་ཏཱ་པན་དུ་ཕེབས་འབྱོར་ཟིན་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་
ཚོགས་ཐེངས་བཅུ་བཞི་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་28ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་རི་པིན་གྱི་ཏཱ་པན་དུ་ཕེབས་འབྱོར་ཟིན་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་
ཚོགས་ཐེངས་བཅུ་བཞི་པར་ཞུགས་པ།

     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཏཱ་པན་དུ་ཕེབས་འབྱོར་ཟིན་པ་དང་། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱི་གདན་ཞུས་ལྟར། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐེངས་བཅུ་བཞི་པར་ཞུགས་རྒྱུ་ཡིན་པ་རེད། 
     ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་1དང་སྐར་མ་15ཙམ་ལ། ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཏཱ་པན་ཀོང་ཞི་གནམ་གྲུ་ཐང་དུ་སླེབས་འབྱོར་བྱུང་བ་རེད། ཞི་ཅིན་ཕིང་གནམ་གྲུ་ནས་འདོན་ཕེབས་སྐབས།  རི་པིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ཏཱ་པན་ཧྥུའུ་ཡི་དབུ་འཛིན་སོགས་གནམ་གྲུའི་སྐས་འགྲམ་དུ་ཕེབས་བསུ་ཞུ་བར་ཕེབས་ཡོད་པ་རེད།
      ཏིང་ཞེ་ཞང་དང་།  ལེའོ་ཧོ། དབྱང་ཅི་ཁྲེ་།  ཝང་དབྱི། ཧོ་ལི་ཧྥུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་པ་རེད།
    རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཁུང་ཞོན་ཡུའུ་ཡང་གནམ་གྲུ་ཐང་དུ་ཕེབས་བསུ་ཞུ་བར་ཕེབས་ཡོད།
            ད་ཐེངས་ཀྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཟླ་6ཚེས་28ནས་29ཉིན་བར་ཏཱ་པན་དུ་འཚོགས་རྒྱུ་རེད། ཞི་ཅིན་ཕིང་གིས་དབུ་ཚོགས་ཐོག་འཛམ་གླིང་གི་དཔལ་འབྱོར་གནས་ཚུལ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐད་ཀྱི་ལྟ་སྟངས་དང་འདོད་ཚུལ་གཏིང་ཟབ་ལ་ཞིབ་པའི་ངང་གསུངས་རྒྱུ་རེད། ཚོགས་འདུའི་རིང་།  ཞི་ཅིན་ཕིང་ད་དུང་འབོར་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས་དང་། ཀྲུང་གོ་དང་།  ཨུ་རུ་སུ། རྒྱ་གར་གྱི་འགོ་ཁྲིད་མི་སྣའི་ཞལ་འཛོམས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་མི་སྣའི་ཞལ་འཛོམས་བཅས་ལ་ཞུགས་རྒྱུ་མ་ཟད། ད་དུང་རྒྱལ་ཁབ་ཁག་གཅིག་གི་འགོ་ཁྲིད་མི་སྣ་དང་ཕྱོགས་གཉིས་དབར་གྱི་མཇལ་འཛོམས་བྱ་རྒྱུ་ཡིན་པ་རེད།

  
style="display:none;"