མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་
པ་སློབ་སྦྱོང་བྱེད་པའི་གཙོ་གནད་གྲངས་འཛིན་དཔེ་དེབ་ཁག་གསར་པ་དྲ་ཐོག་ཏུ་བཏོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་03ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་གཞོགས་འདེགས་བྱེད་པ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་དཔེ་དེབ་ལྟ་ཀློག་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཆེད་མི་དམངས་དཔེ་སྐྲུན་ཁང་དང་། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་། སློབ་སྦྱོང་དཔེ་སྐྲུན་ཁང་། ཕྱི་རྒྱལ་གྱི་སྐད་ཡིག་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཚན་པ་11གིས་དཔེ་སྐྲུན་བྱས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་དཔེ་དེབ་རིགས་30དག་ཟླ་7ཚེས་1ཉིན་སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ་དང་། 
     ཤིན་ཧྭ་དཔེ་དེབ་ཁང་གི་དྲ་ཐོག་ཚོང་གྲོང་། དབྱི་གཡོད་ཐུང་། མིའི་ཀུ། ཀྲང་གཡོད་སོགས་དྲ་རྒྱ་ཁྱབ་སྤེལ་ལས་སྟེགས་14ཡི་ཐོག་བཏོན་པ་རེད།
གཙོ་གནད་གྲངས་འཛིན་དཔེ་དེབ་རིགས་30ཡི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་དང་གསུང་བཤད་ཀྱི་དེབ་རྐྱང་པ། དེ་བཞིན་དབང་གྲགས་སྡེ་ཚན་སོགས་ཀྱིས་བསྒྲིགས་པའི་རྣམ་བཤད་བཤུས་སྒྲིག་དང་། སློབ་སྦྱོང་ཀློག་དེབ། དགོངས་པ་ཞིབ་འཇུག ཐ་སྙད་འགྲེལ་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ལས་དང་འཚོ་བའི་ཉམས་མྱོང་མཚོན་པའི་བརྩམས་ཆོས་བཅས་ཚུད་ཡོད། དེ་དག་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། ཏང་འཛུགས་སྐྱོང་། ཕྱི་འབྲེལ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད། དྲ་རྒྱའི་ཁྱབ་སྤེལ་ལས་སྟེགས་14རུ“དུས་རབས་གསར་པ་དང་ཉམས་མྱོང་གསར་པ—ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་གཙོ་གནད་གྲངས་འཛིན་དཔེ་དེབ་ཀྱི་ཆེད་བསྒྲིགས་ལེ་ཚན”བཀོད་སྒྲིག་བྱས་པ་དང་། མི་དམངས་དྲ་བ་སོགས་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་7དུ་ཆེད་བསྒྲིགས་ལེ་ཚན་གྱི་སྦྲེལ་ཐག་བཀོད་སྒྲིག་བྱས་ཏེ་དྲ་སྦྲེལ་བརྒྱུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་ལ་གཏིང་ཟབ་ཟུག་པ་དང་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་འབྲས་བུ་ཐོན་པ་དང་བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པར་རོགས་རམ་བྱ་རྒྱུ་རེད།
     ན་ནིང་ཟླ་9པར་འབྲེལ་ཡོད་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་གཙོ་གནད་གྲངས་འཛིན་དཔེ་དེབ་ཁག་དང་པོ་གཅིག་སྡུད་ཐོག་དྲ་ཐོག་ཏུ་འདོན་པའི་སྒྲིག་འཛུགས་བྱས་ཚུན་ཀློག་པ་པོས་ལྟ་ཚད་དང་ཕབ་ལེན་བྱེད་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་དྲ་སྦྲེལ་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་དཔེ་དེབ་ཀློག་པའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་བ་རེད།

  
style="display:none;"