མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་གོའི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་
ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གཉིས་པ་འཚོགས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་26ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གཉིས་པ་འཚོག་ཉེའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་ཚོགས་པ། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ཀྱིས་ཏང་དང་མི་དམངས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་ནས་སྡེ་ཁུལ་དང་། གྲོང་གསེབ། གཞི་རིམ་བཅས་སུ་བསྐྱོད་དེ་མི་གཞན་ལ་དྲོ་སྐྱིད་སྦྱིན་པ་དང་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བ་ལས། ཕུགས་བསམ་དང་དད་སེམས་དང་། བརྩེ་བ་དང་སྐུལ་སློང་བཟང་པོ། འགན་འཁྲི་དང་ལས་འགན་སྒྲུབ་སེམས་བཅས་གང་ལེགས་མངོན་ནས་མི་དམངས་ལ་དད་སེམས་ཡོད་པ་དང་། རྒྱལ་ཁབ་ལ་སྟོབས་ཤུགས་ལྡན་པ། མི་རིགས་ལ་རེ་བ་ཡོད་པ་བཅས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། རྒྱ་ཆེའི་དང་བླངས་པ་དང་། དང་བླངས་ཞབས་ཞུའི་རྩ་འཛུགས། དང་བླངས་ཞབས་ཞུའི་ལས་དོན་པ་བཅས་ཀྱིས་དུས་རབས་གསར་པར་གཞི་ཚུགས་པ་དང་བྱས་རྗེས་གསར་པ་འཇོག་པ་དང་། ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་དར་སྤེལ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་ལེ་ཧྥུང་གི་གཏམ་རྒྱུད་མུ་མཐུད་བརྩམ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོའི་དང་བླངས་ཞབས་ཞུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲིད་སྟོན་དང་། མཉམ་འབྲེལ། ཞབས་ཞུ། སྐུལ་འདེད་བཅས་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ། རྒྱ་ཆེའི་དང་བླངས་པ་དང་དང་བླངས་ཞབས་ཞུ་རྩ་འཛུགས་ཀྱིས་མི་གཞན་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བར་ཆ་རྐྱེན་གཏོད་དགོས་པའི་ནན་བཤད་གནང་བ་རེད།

  
style="display:none;"