འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།
  • མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

    ༄༅།།ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡར་ཞིང་ལས་སྒྲིག་ཆས་དང་དངོས་ཟོག་ཞལ་འདེབས་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་ཟླ་8ཚེས་18ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང་། ཀྲུང་གོ་སྲིད་གཞུང་གིས་ཨེ་ཙེ་ཨོ་ཕི་ཡར་ཞལ་འདེབས་འབུལ་བའི་ཞིང་ལས་སྒྲིག་ཆས་དང་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཉེ་ཆར་ཨེ་ཙེ་ཨོ་ཕི་ཡའི་ཞིང་ལས་པུའུ་རུ་གཉེར་བ་དང་། ཞིང་ལས་སྒྲིག་ཆས་དང་དངོས་ཟོག་ཆ་ཚང་148དངོས་སུ་ཨེ་ཙེ་ཨོ་ཕི་ཡའི་སྲིད་གཞུང་ལ་རྩིས་སྤྲད་པ་རེད།
        ད་ཐེངས་ཀྱི་ཞིང་ལས་སྒྲིག་ཆས་དང་དངོས་ཟོག་ནང་འདྲུད་འཐེན་འཕྲུལ་འཁོར་དང་། ལེ་ལག་ཚང་བའི་རྨོ་འཁོར་དང་། རྨོ་འདེབས་འཕྲུལ་འཁོར། འདྲུད་འཁོར་བཅས་དང་། དེ་བཞིན་གློག་འདོན་འཕྲུལ་འཁོར་དང་། འབྲུ་འདོན་འཕྲུལ་འཁོར། རླངས་སྣུམ་ཆུ་འཐེན་འཕྲུལ་འཁོར་སོགས་ཡོད་པ་དེ་དག་ཨེ་ཙེ་ཨོ་ཕི་ཡ་ཞིང་ལས་པུའུ་དང་ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་པའི་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་རྣམ་གྲངས་དེ་ཨེ་ཙེ་ཨོ་ཕི་ཡའི་ཞིང་ལས་ལག་རྩལ་ཚོད་ལྟའི་དཔེ་སྟོན་དང་ཁྱབ་གདལ་ལ་མཉམ་དུ་སྤྱད་པ་རེད།
        ཨེ་ཙེ་ཨོ་ཕི་ཡའི་ཞིང་ལས་པུའུ་ཀྲང་ཨའོ་མར་·ཧུའུ་སའེ་དབྱིན་གྱིས། ཞིང་ལས་ཐོན་སྐྱེད་ནུས་པ་འཛུགས་སྐྱོང་དང་། ལག་རྩལ་རོགས་སྐྱོར་དང་དེ་བཞིན་ཞིང་ལས་ཀྱི་ཤེས་བྱ་མཉམ་སྤྱོད་བྱེད་པའི་ཐད། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་མང་པོ་བྱས་ཡོད། ཀྲུང་གོས་མི་འབོར་འབོར་ཆེན་ཞིག་དབུལ་སྒྲོལ་བྱས་པ་དང་འབྲེལ་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ཅིག་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་བར་འཕེལ་རྒྱས་བཏང་བས་དེ་ནི་ཨེ་ཙེ་ཨོ་ཕི་ཡས་སློབ་སྦྱོང་བྱེད་འོས་པ་ཞིག་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།