མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》བམ་པོ་གཉིས་པའི་བོད་ཡིག་པར་གཞི་
བོད་དུ་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་23ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》བམ་པོ་གཉིས་པའི་བོད་ཡིག་པར་གཞི་འགྲེམས་སྤེལ་གྱི་མཛད་སྒོ་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོ་ཨུ་ལྷན་དུ་གཉེར་བ་རེད། 
    《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》བམ་པོ་གཉིས་པའི་བོད་ཡིག་པར་གཞི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རླབས་ཆེན་ལག་ལེན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་མ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གོང་འཕེལ་ཞིག་དང་ང་ཚོར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ནམ་ཡང་འབད་འཐབ་བྱ་རྒྱུར་སྣེ་ཁྲིད་བྱེད་པའི་ཚན་རིག་གི་ཕྱོགས་སྟོན་ཞིག་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》བམ་པོ་གཉིས་པའི་བོད་ཡིག་པར་གཞི་དྲིལ་བསྒྲགས་ཁྱབ་གདལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་སྐུལ་མ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་ཡིན་པ་དེས། ལྗོངས་ཡོངས་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དྲིལ་བསྒྲགས་ལས་དོན་དམ་འཛིན་ཡག་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་སྲོག་ཤིང་ལ་བརྩི་བཀུར་དང་གཙོ་འཛིན་ལ་གོང་བཀུར་ཞུ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། བོད་ཀྱིས་མངགས་ཉོ་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》བམ་པོ་གཉིས་པའི་བོད་ཡིག་པར་གཞི་2000ལྷག་ཙམ་ཡོད་པ་དེ་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གཞི་རིམ་གྱི་ལས་བྱེད་པ་དང་། གྲོང་གསེབ་ཀྱི་དེབ་ཁང་། དགོན་སྡེའི་དེབ་ཁང་བཅས་སུ་སྤྲད་ཡོད་པ་རེད། 

  
style="display:none;"