འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་23ཉིན།

༄༅།།མཐའ་མཚམས་གྲོང་མི་དགའ་སྤྲོའི་ངང་ཁང་པ་གསར་པར་སྤོས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་23ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཐའ་མཚམས་གྲོང་མི་དགའ་སྤྲོའི་ངང་ཁང་པ་གསར་པར་སྤོས་པ།
     བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷོ་བྲག་གྲོང་རྡལ་ཚེ་སྨད་སྡེ་ཁུལ་གྲོང་ལྷན་གྱི་དུད་ཚང་28ཀྱི་གྲོང་མི་88ལ་ཚེ་སྨད་སྡེ་ཁུལ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པ་གསར་པའི་ལྡེ་མིག་རག་ནས་སྡོད་མལ་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། མི་རེར་ཆ་སྙོམས་སྨི་ངོས་གྲུ་40ཡི་ཚད་གཞིའི་ཐོག་ནས་བསྐྲུན་པའི་ཚེ་སྨད་སྡེ་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་3824.08ཡིན་པ་དང་ལས་གྲྭའི་མ་གནས་སྒོར་ཁྲི་1546.15ལྷག་ཙམ་ཟིན་གྱི་ཡོད། མི་རེས་ཆ་སྙོམས་སྒོར་ཁྲི་2.4རང་གྲབས་བྱས་པ་ཕུད། ཁང་པ་གསར་པའི་འགྲོ་སོང་གཞན་དག་ཚང་མ་སྲིད་གཞུང་གིས་རོགས་སྐྱོར་བྱས་ཤིང་། འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷོ་བྲག་གྲོང་རྡལ་དུ་གསར་དུ་བསྐྲུན་པའི་ཚེ་སྨད་སྡེ་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་གྲོང་མིའི་འཐུས་མིས་མཛད་སྒོ་འཚོགས་ནས་ཁང་པ་གསར་པའི་ལྡེ་མིག་ལེན་བཞིན་པ།