མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་
སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་མི་སེམས་ལ་སྐུལ་མ་ཐེབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་24ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཧུར་བརྩོན་ཆེན་པོས་གཏོད་དགོས།
    འདི་ག་ཚགས་པར་ཁང་གི་གསར་འགོད་པ། དབྱང་ཧའོ་དང་། ལི་ཁྲང་ཡུས། ཧོ་ཡུང་བཅས་ཀྱིས།
    ཟླ་9ཚེས་20ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ། ཚོགས་ཞུགས་འཐུས་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནི་མི་དམངས་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཐོག་ནས་སྣེ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་རྒྱུའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། དེས་ན་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་ཧུར་བརྩོན་ཆེན་པོས་གཏོད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
     སྲིད་ཏང་ལམ་ལུགས་གསར་པར་བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ཇུས་མཉམ་དུ་འགོད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་དང་ཀྲུང་གོའི་ས་གཞིར་འཚར་སྐྱེས་བྱུང་བའི་སྲིད་ཏང་ལམ་ལུགས་གསར་པ་ཞིག་ཡིན། དེས་ན་དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་སྲིད་གྲོས་ནང་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་རྒྱུར་མི་དམངས་སྲིད་གྲོས་ཀྱིས་ཆ་རྐྱེན་གཏོད་དགོས”ཞེས་བསྟན་གནང་ཡོད།
    “སྲིད་ཏང་ལམ་ལུགས་གསར་པ་དེ་དེང་དུས་ཀྱི་ཀྲུང་གོའི་དོན་དངོས་དང་མཐུན་པ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་ཀྱིས་དར་སྤེལ་གཏོང་བའི་མ་ལུས་ཀུན་འདུས་དང་། མཐའ་དག་ཉར་ཚགས། མཐུན་པ་ཡོང་ཐབས། མི་མཐུན་སོར་འཇོག་སོགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་མཐུན་གྱི་ཡོད། དེ་ནི་མིའི་རིགས་ཀྱི་ཆབ་སྲིད་ཤེས་དཔལ་གྱི་ལེགས་སྐྱེས་ཆེན་པོ་ཞིག་ཡིན”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཨན་ཐིང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་པ་རེད།
“ང་ཚོའི་ཆབ་སྲིད་ལམ་ལུགས་དེས་ལོ་ངོ་70དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་པའི་ལོ་ངོ་40ཡི་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཞིབ་དཔྱད་ཐུབ་ཅིང་། དེ་ནི་ཀྲུང་གོའི་གནས་ཚུལ་དང་འཚམ་ཤོས་དང་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་ཐུབ་ཤོས་དང་ཕྱོགས་ཁག་གི་བསམ་འདུན་མཚོན་ཤོས་ཀྱི་ལམ་ལུགས་ཤིག་ཡིན་པ་ར་འཕྲོད་ཐུབ་ཡོད། ལམ་ལུགས་དེ་འདྲ་ཞིག་གི་འོག་ཏུ་བྱ་བ་ཆེ་ཆུང་ཇི་འདྲ་ཡིན་རུང་གྲོས་མོལ་བྱེད་ཆོག་པ་དང་ཀུན་གྱི་བྱ་བར་ཀུན་གྱིས་གྲོས་མོལ་བྱེད་ཀྱི་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ང་་དམངས་ག་ཡར་ལ་གས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཤིན་གྱིས་གསུངས་པ་རེད།
    ཨན་ཧུའེ་ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲོའུ་ཧྲེ་ཧུང་ནི་ང་་་ན་ཏང་གསར་བ་་ན་ན་ཁང་རིགས་ཁོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་རེད། སྲིད་ཏང་ལམ་ལུགས་གསར་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་ལས་ཁོང་ལ་བག་ཆགས་ཟབ་མོ་བྱུང་ཞིང་། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོའི་ཏང་ཤོག་ཁག་དང་མཉམ་དུ་ཡུན་རིང་མཉམ་གནས་དང་། ཕྱར་བ་གྲུ་འདེགས། གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་ཁུར་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་ལས། ཐུན་མོང་གི་རིན་ཐང་འདུ་ཤེས་དང་འབད་འཐབ་དམིགས་ཚད་ལ་གཞིགས་པའི་གཞོམ་ཞིག་མེད་པའི་སྲིད་ཏང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཆགས་ཡོད”ཅེས་བཤད།
     མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གྲོས་མོལ་དམངས་གཙོ་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང“མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གྲོས་མོལ་དམངས་གཙོ་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་ཕན་ཚུན་འབྲེལ་མཐུད་ཐུབ་པ་དང་། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ནས་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་དམ་པོར་དམིགས་ནས་དམངས་གཙོའི་ལྟ་སྐུལ་བྱེད་དགོས”ཞེས་བསྟན་གནང་ཡོད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀྲུང་གོ་ཁྲལ་དོན་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲང་ལན་ཆིས། མི་དམངས་སྲིད་གྲོས་ཀྱིས་རེ་འདུན་ཞུ་སའི་ཐབས་ལམ་སྣ་ཚོགས་ཤར་གཏོང་བྱས་ཏེ། ཏང་གི་བཞེད་དོན་དག་དམངས་གཙོའི་གོ་རིམ་བརྒྱུད་ཕྱོགས་ཁག་གི་ཐུན་མོང་གི་འདུ་ཤེས་སུ་འགྱུར་བར་བྱས་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་དམིགས་བསལ་ཆེ་ལ་གལ་ཆེ་བའི་ནུས་པ་འདོན་དགོས་པའི་ངོས་འཛིན་བྱས་པ་རེད།
     “ང་ཚོས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངོ་བོའི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཐོག ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ། གྲོས་མོལ་དམངས་གཙོའི་འདུ་ཤེས་དང་བླང་བྱ་དེ་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ‘ཆེད་དོན’གྱི་ལེགས་ཆ་འདོན་སྤེལ་དང་། ‘ཆེད་དོན’གྱི་ཆུ་ཚད་མཚོན་པ། ‘ཆེད་དོན’གྱི་བྱས་རྗེས་མངོན་པ་བཅས་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་ནང་སྔར་བས་ལྷག་པའི་སྒོ་ནས་ཞུགས་པ་དང་ཞབས་འདེགས་ཞུ་དགོས”ཞེས་ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལི་ཝུའེ་ཝུའེ་ཡིས་གསུངས་པ་རེད།
     འདི་ལོར་པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཀྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེ་བའི་འཛད་སྤྱོད་ལྟེ་བའི་གྲོང་ཁྱེར་གཏོད་རྒྱུ་སོགས་ཀྱི་གྲོས་གཞི་གལ་ཆེན་ལ་དམིགས་ནས་གྲོས་མོལ་བྱས་ཤིང་། པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཞིབ་འཇུག་ཁང་གི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧུའུ་ཡིས་ཆེད་དོན་གྲོས་མོལ་སྒྲིག་གཞི་ཞིག་ཡིན་པའི་སྲིད་གྲོས་ཀྱི་ལེགས་ཆ་མྱོང་ཚོར་ཟབ་མོ་ཐུབ་ཡོད། “སྲིད་གྲོས་ཀྱི་ལས་དོན་པས་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོ་འབུར་དུ་ཐོན་པ་དང་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི‘ཆེད་དོན’གྱི་ཁྱད་ཆོས་དང་། ‘ཆེད་དོན’གྱི་སྤུས་ཚད། ‘ཆེད་དོན’གྱི་ཆུ་ཚད་བཅས་མངོན་པར་བྱས་ནས། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་སའི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བར་བྱེད་དགོས”ཞེས་ཝང་ཧུའུ་ཡིས་བཤད་པ་རེད།
     མིག་དཔེའི་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མངོན་པར་བྱེད་དགོས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཨུ་ཡོན་ཚོར་སྲིད་གྲོས་ཀྱི་གནས་ཚུལ་ཤེས་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་སྲོལ་ལ་སྣང་ཆེན། སྤྱོད་ལམ་ལ་བརྩི་མཐོང་བཅས་བྱ་རྒྱུའི་སློབ་གསོ་གཏོང་དགོས་ལ་ཁྲིད་སྟོན་ཡང་བྱེད་དགོས”ཞེས་བསྟན་གནང་ཡོད། རྒྱ་ཆེའི་ཨུ་ཡོན་ཚོས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་སློབ་སྦྱོང་རྒྱ་ཁྱབ་ཏུ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་པ་བཅས་བྱས་ཏེ། མིག་དཔེའི་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མངོན་པར་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
      ཡུན་ནན་ཞིང་ཆེན་གྱི་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཀྲོའུ་མི་རིགས་རིག་གནས་ལས་དོན་ཚོགས་པའི་རིམ་པ་དང་པོའི་འཁྲབ་སྟོན་པ་རུང་པ་ཤིན་ནཱ་ཡིས་ཕྲག་ཏུ་འཁུར་བའི་འགན་འཁྲི་གསལ་པོར་ཤེས་ཀྱི་ཡོད། “ངས་སླད་ཕྱིན་བརྟག་ཞིབ་ཏན་ཏིག་བྱས་པ་བརྒྱུད། ད་ཆ་སྟོངས་ལ་ཉེ་བའི་མི་འབོར་ཉུང་བའི་མི་རིགས་ཀྱི་ངག་རྒྱུན་གྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་མྱུར་སྐྱོབ་བྱ་རྒྱུར་གཞོལ་གྱི་ཡིན”ཞེས་བཤད་པ་རེད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ལན་ཐུང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་ཡུན་ཡུང་གིས་ལག་ལེན་ཁྲོད་སྲིད་གྲོས་ལས་དོན་གྱི་ནང་དོན་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་པར་བྱས་པའི་ཐོག རང་ཉིད་ཀྱི་5Gལ་ཞིབ་འཇུག་དང་བཟོ་ལས་དྲ་སྦྲེལ་ལ་ཞིབ་འཇུག་བྱས་པའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཏན་ཏིག་བསྒྲུབ་རྒྱུ་དང་ཀྲུང་གོའི་5Gཡི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ཡིན་ཞེས་བཤད་པ་རེད།
      རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཡི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ཀྲང་ཀྲེན་པིན་གྱིས་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་ན། དང་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཆེར་གཏོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ཏེ་ལས་འགན་སྔར་བས་གཙང་སྒྲུབ་བྱེད་དགོས”ཞེས་བཤད།

  
style="display:none;"