མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་
བཤད་གནང་དོན། དམིགས་ཚད་དམ་པོར་བཟུང་སྟེ་ངར་ཤུགས་གཅིག་སྒྲིམ་གྱིས་སྤུས་ཚད་མཐོ་བའི་
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་19ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་འཆར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྐབས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་པོར་འཕར་རྒོལ་གྱི་དམག་འཐབ་རྒྱུན་མཐུད་བརྒྱབ་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་དང་ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་སེམས་པ་གཅིག་མཐུན་དང་སྙིང་རུས་ཆེན་པོས་འབད་འབུངས་བྱས་པར་འཕེལ་རིམ་གལ་ཆེན་བྱུང་ཡོད། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་འགའི་རིང་དབུལ་པོ་དབུལ་རྐྱང་གི་དཀའ་རྙོག་གནད་དོན་དེ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་ཉེར་ཡོད་པས་དེས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད། 
      ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་དེ་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་དམིགས་ཚད་དམ་པོར་བཟུང་བ་དང་ངར་ཤུགས་གཅིག་སྒྲིམ་བྱས་ཏེ་ཤིན་ཏུ་དབུལ་པོའི་བཙན་རྫོང་མཐའ་གཅིག་ཏུ་གཏོར་བ་དང་མི་འབོར་དབུལ་པོའི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་དང་འཐུང་ཆུ་བདེ་འཇགས་བཅས་ཀྱི་ཞན་ཆ་ཧུར་ཐག་གསབ་ཏེ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་པ་དང་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་གོམ་སྟབས་སྤོ་དགོས་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲས་བུ་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་བྱེད་དགོས། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་མིག་སྔར་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཡང་འབད་བསྐྱར་འབད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཤིན་ཏུ་དབུལ་པོའི་བཙན་རྫོང་གཏོར་དགོས་པ། ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་ཤུགས་ཆེར་བཏང་སྟེ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་སྟེ་དབུལ་སྒྲོལ་ཕན་འབྲས་སྲ་བརྟན་དུ་བཏང་ནས་དབུལ་པོ་བསྐྱར་སློག་མི་ཐོན་པ་བྱེད་དགོས་པ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་། ཁ་གཏད་རོགས་སྐྱོར། གནས་གཏན་འཁེལ་གྱི་དབུལ་སྐྱོར་སོགས་ཀྱི་ལས་དོན་རྒྱུན་མཐུད་དང་། ཏན་ཏིག ཡག་པོ་བཅས་སྒྲུབ་སྟེ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་ནང་མུ་མཐུད་ཞུགས་རྒྱུར་སྐུལ་སློང་བྱས་ནས་ཕྱོགས་ཁག་གི་མཉམ་ཤུགས་ཆགས་པ་བྱས་ཏེ་འདི་ལོ་སླར་ཡང་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བའི་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཐོག ཕྱི་ལོ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པ་བཅས་བསྟན་གནང་བ་རེད། 
     རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཚེས་17ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་པ་དང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་སྔོན་ཐོན་དཔེ་བཟང་བ་དང་དཔེ་མཚོན་གྱི་འཐུས་མིའི་དཔེ་སྟོན་དང་སྟོན་ཕྱོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་བཙན་རྫོང་མཐའ་གཅིག་ཏུ་གཏོར་ཏེ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་རོགས་སྐྱོར་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་བསྐྱེད་ཧུར་ཐག་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བཅས་བྱེད་དགོས། རེ་བར་བྱ་དགའ་ཐོབ་མཁན་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། མིག་དཔེ་ཡག་པོ་འདོན་པ། སླར་ཡང་བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད། 

  
style="display:none;"