མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་83པར་རྟེན་འབྲེལ་འཕྲིན་
ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་23ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་83པ་ཧྲང་ཧའེ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
      ཞི་ཅིན་ཕིང་གིས་མིག་སྔར་ལྗང་མདོག་དང་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་མིའི་རིགས་ཀྱི་ཐུན་མོང་གི་དམིགས་ཚད་དུ་གྱུར་ནས་མི་ཐབས་རིག་ནུས་དང་། གྲངས་གཞི་ཆེ་མོ། 5Gསོགས་ལག་རྩལ་གསར་པ་དང་ནུས་རྒྱུ་གསར་པའི་གློག་གཏོང་བ་དང་། གློག་སྒུལ་རླངས་འཁོར་སོགས་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་བྱུང་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་བཟོ་བ་དང་བཀོལ་སྤྱོད་བྱས་ཏེ་ཚད་གཞིའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་དགོས་པ་ཧ་ཅང་ཆེན་པོ་ཡོད་པ་བཏོན་གནང་ཡོད།
      ཞི་ཅིན་ཕིང་གིས་ཀྲུང་གོས་ཚད་གཞི་ཅན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྒྱལ་སྤྱིའི་ཚད་གཞི་ཁྱབ་གདལ་དང་བཀོལ་སྤྱོད་ཧུར་ཐག་དང་། ཚད་གཞི་མཐོ་པོས་ལག་རྩལ་མཐོ་བའི་གསར་གཏོད་ལ་རོགས་རམ། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་བྱེད་སྒོར་མུ་མཐུད་རྒྱབ་སྐྱོར་དང་དེར་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་ཚད་གཞིའི་མ་ལག་དང་བཅོས་སྐྱོང་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། རྒྱལ་སྤྱིའི་ཚོང་དོན་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་ཚད་གཞིའི་ནུས་པ་དེ་བས་ལེགས་པའི་ངང་འདོན་རེ་ཡོད་པའི་ནན་བཤད་གནང་ཡོད་པ་རེད།
     རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་1906ལོར་བཙུགས་པ་ནི་གློག་ལས་གློག་རྡུལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་བཟོ་བའི་རྩ་འཛུགས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་ནི་རྩ་འཛུགས་དེའི་རིམ་པ་མཐོ་ཤོས་ཀྱི་ཚོགས་ཆེན་ཞིག་རེད། རྒྱལ་སྤྱིའི་གློག་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་སྐབས་83པ་ཟླ་10ཚེས་14ནས་25ཉིན་བར་ཧྲང་ཧའེ་རུ་འཚོག་རྒྱུ་ཡིན་ཞིང་། དེའི་བརྗོད་དོན་གཙོ་བོ“སྤུས་ཚད་མཐོ་པོས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད”དེ་ཡིན་པ་དང་། ཁྱོན་རྒྱལ་ཁབ་100ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་3800ལྷག་ཙམ་ཀྲུང་གོར་ཚོགས་འདུར་གདན་འདྲེན་ཞུས་པ་རེད།

  
style="display:none;"