མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་དགུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་
གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་23ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་དགུ་པ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
    ཞི་ཅིན་ཕིང་གིས་ཞི་བདེ་ནི་མིའི་རིགས་ཀྱི་མི་ཉམས་ཡུན་གནས་ཀྱི་རེ་འདུན་ཞིག་རེད། ཀྲུང་གོས་གླེང་མོལ་བྱས་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བ། ཞི་བདེར་བརྟེན་ནས་འཕེལ་རྒྱས་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅེས་བསྟན་གནང་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུན་རིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ནི་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པས་རྒྱལ་ཁབ་ཁག་གིས་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། རྙོག་འཛིང་ཆེ་བའི་བདེ་འཇགས་ཐད་ཀྱི་ཉེན་ཁ་འཕྲད་སྐབས། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་བདེ་འཇགས་ཀྱི་རོགས་ཟླའི་འབྲེལ་བ་གསར་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁུལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་བདེ་འཇགས་ཀྱི་སྒྲོམ་གཞི་འཛུགས་པར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ལ་སྐུལ་འདེད་དེ་བས་ཡག་པ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་ཡོད་པ་རེད།

  
style="display:none;"