མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་བཏང་ནས་ལོ་ངོ་20འཁོར་བར་
མཛུབ་སྟོན་གལ་ཆེན་གནང་སྟེ། ཚན་རྩལ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་
དར་རྒྱས་གཏོང་བར་རོགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་23ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་བཏང་ནས་ལོ་ངོ་20འཁོར་བར་མཛུབ་སྟོན་གལ་ཆེན་གནང་བ་དང་། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་བཏང་ནས་ལོ་ངོ་20འཁོར་རིང་ཤེས་ལྡན་མི་སྣ་གཤམ་དུ་བསྐྱོད་པ་དང་། ཚན་རྩལ་གཞི་རིམ་དུ་ཁྱབ་གདལ་བཏང་ནས“ཞིང་གསུམ”ལ་ཞབས་འདེགས་མཐའ་འཁྱོངས་ཞུས་པས། དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་ཏང་གི“ཞིང་གསུམ”སྲིད་ཇུས་ཀྱི་དྲིལ་བསྒྲགས་རུ་ཁག་དང་། ཞིང་ལས་ཚན་རྩལ་གྱི་བརྒྱུད་བསྒྲགས་པ། ཚན་རྩལ་ལ་བརྟེན་ནས་གསར་གཏོད་ལས་གཏོད་བྱེད་མཁན་སྣེ་འདྲེན་པ། གྲོང་གསེབ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་ལ་གྱུར་ཏེ། རྒྱ་ཆེའི་ཞིང་པ་ཚོའི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་གསར་གཏོད་བྱེད་པ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་མཐའ་འཁྱོངས་བྱེད་པ་ནི་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣས་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་སྔར་བས་དོན་གཉེར་དང་དམ་འཛིན་ཡག་པོ་བྱེད་དགོས། རྒྱ་ཆེའི་ཚན་རྩལ་ཆེད་མངགས་པས་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་ཚན་རྩལ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་རོགས་སྐྱོར་བྱེད་པའི་ཐད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་ཟམ་མི་ཆད་པར་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 
    ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་བཏང་ནས་ལོ་ངོ་20འཁོར་བའི་ཕྱོགས་སྡོམ་ཚོགས་འདུ་ཚེས་21ཉིན་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
     ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་ནི་དུས་རབས་གསར་པར་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་གཏིང་ཟབ་གཏོང་བའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་རེད། ལོ་ངོ་20ཡི་རིང་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཀྱིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་འགོ་འཛུགས་ས་དང་དོན་ལ་འབབ་ས་དང་། ཚན་རྩལ་ཤེས་ལྡན་མི་སྣས་བྱེད་པོ་དང་ཚན་རྩལ་གྲུབ་འབྲས་ཀྱི་སྒྲོག་ཐག་བྱེད་པ་མཐའ་འཁྱོངས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་འཐོབ་རྒྱུར་རོགས་སྐྱོར་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དུས་རབས་གསར་པར་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ལག་ལེན་གཏིང་ཟབ་བསྟར་བར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་དམ་པོར་དམིགས་ཏེ་ལམ་ལུགས་ཀྱི་མ་ལག་དང་སྲིད་ཇུས་ཀྱི་ཁོར་ཡུག་སྔར་བས་འཐུས་ཚང་དང་ཚན་རྩལ་ཆེད་མངགས་པའི་དཔུང་ཁག་སྔར་བས་སྟོབས་ཆེར་བཏང་ནས་གསར་གཏོད་ཀྱི་སྒུལ་ནུས་ཞིང་ནང་དང་མུ་ཁར་ཁྱབ་པར་བྱེད་དགོས་ཞེས་གསུངས་པ་རེད། 
      ཚོགས་འདུའི་ཐོག་ཚན་རྩལ་ཆེད་མངགས་པ་92དང་སྒྲིག་འཛུགས་ལག་བསྟར་ཚན་པ་43ལ་བསྟོད་བསྔགས་བརྡ་ཁྱབ་བཏང་ཞིང་། ཀྲེ་ཅང་ཞིང་ཆེན་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ནན་ཕིང་གྲོང་ཁྱེར། ཅང་ཤིས་ཞིང་ཆེན་གྱི་ཅིང་ཀང་ཧྲན་གྲོང་ཁྱེར། ཚན་རྩལ་ཆེད་མངགས་པའི་འཐུས་མི་བཅས་ཀྱིས་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་གནང་བ་རེད། 
     འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། བསྟོད་བསྔགས་བརྡ་ཁྱབ་བཏང་བའི་ཚན་རྩལ་ཆེད་མངགས་པ་ཁག་གཅིག་དང་སྒྲིག་འཛུགས་ལག་བསྟར་ཚན་པའི་འཐུས་མི་སོགས་ཚོགས་འདུར་ཞུགས་པ་རེད། 

  
style="display:none;"