མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་
དུ་འཚོགས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་01ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་
དུ་འཚོགས།

     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།
     (2019ལོའི་ཟླ་10ཚེས་31ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོས་འཆམ་བྱུང་བ།)
    2019ལོའི་ཟླ་10ཚེས་28ཉིན་ནས་ཚེས་31ཉིན་བར་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ་རེད། 
    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་ཨུ་ཡོན་202དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་169ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་རིགས་གཅིག་མཁས་པ་ཁག་ཅིག་ཀྱང་ཚོགས་འདུར་ཞུགས་ཡོད། 
     ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་གནང་ཞིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། 
     ཚང་འཛོམས་གྲོས་ཚོགས་སུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་ལས་དོན་སྙན་ཞུ་གནང་བ་ལ་གསན་པ་དང་གྲོས་མོལ་བྱས་པ་སྟེ། 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་ཐད་ཀྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སུ་《ཆོད་དོན།(གྲོས་མོལ་མ་ཟིན)》གསལ་བཤད་གནང་བ་རེད། 
     ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་ཤིང་། ཚང་མས་ངོས་འཛིན་གཅིག་མཐུན་བྱས་དོན། རྒྱལ་ཁབ་ཕྱི་ནང་གཉིས་སུ་ཉེན་ཁ་དང་འགྲན་སློང་ཇེ་མང་དུ་མངོན་གསལ་ཕྱིན་པའི་གནས་བབ་ལ་འཕྲད་སྐབས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། མར་ཁེ་སི་ལེ་ཉི་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ཁོང་དུ་ཡང་དག་པར་ཆུད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་དམ་འཛིན་གང་ལེགས་བྱེད་པ། འཐབ་ཇུས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་འཐབ་ཇུས་ངེས་ཤུགས་ཇེ་ཆེར་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས། མུ་མཐུད་དུ་“གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་སྐུལ་འདེད་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་སྐུལ་འདེད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ཁྱད་གསོད་དང་། འབད་འབུངས་ཆེན་པོས་མདུན་དུ་བསྐྱོད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོས་ཏང་སེམས་དང་དམངས་སེམས་སྐུལ་སློང་དང་གཅིག་བསྡུས་བྱས་ཡོད། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོ་ཡིས་སྒྱུར་བཅོས་མཐའ་གཅིག་ཏུ་བྱ་རྒྱུའི་ཡིད་ཆེས་ཇེ་བརྟན་དུ་བཏང་ཞིང་། “ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་ཡིད་ལ་དམ་པོར་འཆང་།”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་གྲུབ་འབྲས་མངོན་གསལ་ཆེ་བ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་སྤེལ་གཏོང་བའི་བྱ་གཞག་གི་ལས་དོན་ཁག་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ། སྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་བརྟན་ལྷིང་འཕེལ་རྒྱས་རྒྱུན་སྲུང་ཐུབ་པ། འགག་སྒྲོལ་ཆེན་པོ་གསུམ་མཐའ་གཅིག་ཏུ་བྱེད་པ་དང་འགྲན་སློང་གི་ཉེན་ཁ་འདྲ་མིན་གྱི་ལས་དོན་ལ་ནུས་པ་ལྡན་ཞིང་ལས་ཕྱོད་ལྡན་པའི་ངང་ཁ་གཏད་འཇལ་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཟབ་སྤེལ་གཏོང་བར་སྐུལ་འདེད་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་འཕེལ་རྒྱས་གལ་ཆེན་གསར་པ་འབྱུང་བར་སྐུལ་འདེད་བཅས་བྱས་ཡོད། 

༄༅།།ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་
དུ་འཚོགས།

  
style="display:none;"