མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་གསོལ་སྟོན་བཤམས་ནས་སྐུ་མགྲོན་བསུས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་གསོལ་སྟོན་བཤམས་ནས་སྐུ་མགྲོན་བསུས།

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན། ཚེས་4ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧྲང་ཧའེ་ཞི་བདེ་མགྲོན་ཁང་དུ་གསོལ་སྟོན་བཤམས་ཏེ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཕེབས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམས་བསུས་པ་རེད། 
    གསེར་མདོག་གི་སྟོན་དུས། ཝའེ་ཐན་དང་ཕུའུ་ཅང་ངོགས་གཉིས་སུ། ཐོག་ཁང་ནགས་ཚལ་བཞིན་སྟུག་ཅིང་གློག་འོད་ཁྲ་ལམ་མེར་འཚེར་བར་དར་ཞིང་རྒྱས་བའི་རྣམ་པ་རབ་ཏུ་མངོན། ལོ་ངོ་བརྒྱ་ལ་ཉེ་བའི་ལོ་རྒྱུས་ལྡན་པའི་ཞི་བདེ་མགྲོན་ཁང་དང་ལོ་ངོ་30མ་སོན་པའི་ལུའུ་ཅ་ཙུའུ་དངུལ་རྩ་ལྟེ་གནས་ཕན་ཚུན་སྣོལ་མར་ཡོད་པ་དེས་ཐུན་མོང་ངང་ཧྲང་ཧའེ་གྲོང་ཁྱེར་གྱི་གོང་འཕེལ་འཕོ་འགྱུར་དང་ཀྲུང་གོའི་སྒོ་དབྱེའི་ལོ་རྒྱུས་བདེན་དཔང་བྱས་ཡོད། 
     དགོང་མོའི་ཆུ་ཚོད་6ཙམ་ལ། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་བཟའ་ཟླ་དང་། ཡ་མའེ་ཀའི་ཙུང་ལི་ཧོར་ཉི་སི་བཟའ་ཟླ། ཀེ་རི་སེའི་ཙུང་ལི་མི་ཙའོ་ཐཱ་ཅི་སི་བཟའ་ཟླ། སེར་ཝེ་ཡའི་ཙུང་ལི་པུའུ་ན་པི་ཆི་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་བསྟུད་མར་འབྱོར་ཞིང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕིང་ལི་ཡོན་གྱིས་མཛའ་བརྩེ་ལྡན་པའི་ངང་ཁོང་ཚོ་དང་མཉམ་དུ་བགྲོ་གླེང་གནང་བ་དང་དྲན་རྟེན་མཉམ་པར་བསྐྱོན། 
    དགོང་མོའི་ཆུ་ཚོད་7ཙམ་ལ་གསོལ་སྟོན་འགོ་ཚུགས་ཤིང་ཞི་ཅིན་ཕིང་གིས་ཤིས་ཚིག་གནང་སྟེ། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་སྐུ་མགྲོན་རྣམས་ཕེབས་པར་དགའ་བསུ་ཆེན་པོ་ཞུས། 
   ཞི་ཅིན་ཕིང་གིས། ཧྲེང་ཧའེ་ལ་“ཆུ་ཆེན་མཚོ་མོའི་གྲུ་ཁ་དང་། ཤར་ལྷོའི་མཚམས་ཀྱི་གྲོང་ཁྱེར”ཞེས་པའི་མཚན་བཟང་ཡོད་ཅིང་། ཀྲུང་གོའི་སྒོ་དབྱེའི་རྣམ་པ་སྔོན་དུ་བཏོད་དེ་ཉེ་བའི་ལོ་བཅུ་ཕྲག་ནང་སྔར་ལས་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་ཆགས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ཁྱད་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ40འཁོར་བའི་རིང་ལ། ཀྲུང་གོས་འཛམ་གླིང་གིས་མཐོང་ཐུབ་པའི་གྲུབ་འབྲས་བཟང་པོ་བླངས་ཡོད།   ཀྲུང་ཧྭའི་ས་གཞི་ཆེན་པོར་བླ་ན་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད། ང་ཚོས་འཛམ་གླིང་བཟང་ན། ཀྲུང་གོ་ད་གཟོད་བཟང་བ་དང་། ཀྲུང་གོ་བཟང་ན། འཛམ་གླིང་དེ་བས་བཟང་བ་རབ་ཏུ་ཚོར་ཐུབ་ཅེས་བསྟན་ཡོད།

༄༅།།ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་གསོལ་སྟོན་བཤམས་ནས་སྐུ་མགྲོན་བསུས།

  
style="display:none;"