མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྩ་བ་བརྟན་སྲུང་དང་གསར་གཏོད་ཁྲོད་ལམ་ལུགས་ཡིད་ཆེས་བརྟན་པོ་འཆང།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གླེང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཚགས་དམ་ལ་ཆ་ཚང་བའི་ཚན་རིག་གི་ལམ་ལུགས་མ་ལག་ཅིག་ཡིན། དེར་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་ལ། ལམ་ལུགས་ཀྱི་ལེགས་ཆ་གསལ་པོ་ལྡན་ཡོད། རྒྱུན་འཁྱོངས་དང་སྲ་བརྟན་ཡག་པོ་བྱུང་བ་དང་།  ཆ་ཚང་ལ་འཕེལ་རྒྱས་ཡག་པོ་བྱུང་ཚེ།  "ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་ནུས་ལྡན་གྱི་འགན་ལེན་མཁོ་འདོན་བྱེད་ཐུབ།
    ཏང་གི་སྐབས་དགུ་པའི་ཀྲུ་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་》ལ་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རྩ་བའི་ལམ་ལུགས་དང་།  གཞི་རྩའི་ལམ་ལུགས། ལམ་ལུགས་གལ་ཆེན་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་། ལམ་ལུགས་ཁག་གིས་ངེས་པར་དུ་རྒྱན་འཁྱོངས་བྱེད་དགོས་པའི་རྩ་བའི་གནས་དང་། འཐུས་ཚང་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁ་གསལ་བཏོན་པ་དང་ལས་ཀ་བཀོད་སྒྲིག་ཀྱང་བྱས་ཡོད། མ་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་འདི་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་སྲ་བརྟན་དང་། ཏང་གིས་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་པར་དམིགས་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་ལ་དམིགས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ།  རྩ་བ་བརྟན་སྲུང་དང་གསར་གཏོད་དང་། གསར་འབྱེད་ཡར་ཐོན་འབུར་དུ་ཐོན་པ་བྱེད་པ་དང་། མ་ལག་གཅིག་བསྡུས་དང་། མཐུན་སྦྱོར་ནུས་ཆེ་འབུར་དུ་ཐོན་པ་བྱེད་པ།  ཤུགས་ཆེའི་གནད་དོན་གྱི་ཕྱོགས་སྟོན་དང་ལག་བསྟར་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིད་ཆེས་མངོན་པར་བྱས་ཡོད།

  
style="display:none;"