མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཕྱི་རྒྱལ་འགོ་ཁྲིད་དང་མཉམ་དུ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་སྐོར་
གཟིགས་མཛད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་06ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཕྱི་རྒྱལ་འགོ་ཁྲིད་དང་མཉམ་དུ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་སྐོར་
གཟིགས་མཛད།

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་རུ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་རྗེས་སུ། ཕྱི་རྒྱལ་གྱི་འགོ་ཁྲིད་དང་མཉམ་དུ་འགྲེམས་སྟོན་ཁང་ལ་སྐོར་གཟིགས་མཛད། 
     ཞི་ཅིན་ཕིང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གི་ཕེབས་རོགས་འོག་ཐོག་མར་ཧྥ་རན་སེའི་འགྲེམས་སྟོན་ཁང་དུ་ཕེབས། མ་ཁེ་ལུང་གིས་སྤྲོ་སེམས་འཁོལ་བའི་ངང་ནས་ཞི་ཅིན་ཕིང་ཧྥ་རན་སེའི་ཆང་དམར་དང་ཟོག་ཤའི་ཟས་རིགས་རོལ་མྱོང་བྱེད་པར་གདན་ཞུ་བྱས། ཡུལ་དངོས་ཀྱི་ཧྥ་རན་སེའི་ཁེ་ལས་པས་ཞི་ཅིན་ཕིང་ལ་ཧྥ་རན་སེའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་ར་ལེགས་པོར་མཐོང་ཞིང་། གོམ་གང་མདུན་སྤོས་ངང་ཀྲུང་གོར་ཕྱི་གཏོང་རྒྱ་བསྐྱེད་པའི་རེ་བ་ཡོད་ཚུལ་བསྟན། ཞི་ཅིན་ཕིང་གིས། ཀྲུང་གོའི་མཛད་སྤྱོད་ཁྲོམ་ར་རྒྱ་ཆེ་ཞིང་། རིམ་པ་འདྲ་མིན་གྱི་སྣ་མང་ཅན་གྱི་དགོས་མཁོ་བསྐོང་ཐུབ། ཧྥ་རན་སེའི་ཁེ་ལས་ཀྱིས་མིག་རྒྱང་རིང་བོ་འཆང་ནས། ཀྲུང་གོ་དང་མཉམ་དུ་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་དགོས་པ་བསྟན་ཡོད། 
     རྒྱལ་ཁབ་ཕྱི་ནང་གི་འགོ་ཁྲིད་ཚོས་འགྲེམས་སྟོན་ཁུལ་དག་ལ་འགྲོ་ཞོར་ལྟ་ཞོར་བྱས། ཞི་ཅིན་ཕིང་རྒྱལ་ཁབ་ཁག་ཅིག་གི་འགྲེམས་སྟོན་ཁང་དུ་ཕེབས་པ་དང་། ཏན་སང་ཉིང་ཡའི་མཁལ་འབྲས་དང་། ཀེ་རི་སེའི་ཟས་རིགས་དང་སྒྱུ་རྩལ་བརྩམས་ཆོས། དབྱི་ཐ་ལའི་རྒུནཆང་། ཡ་མའེ་ཀའི་ལན་ཧྲང་ཁོ་ཧྥེ་དང་རཱམ་གྱི་སྒོང་ཐུད། ཧིན་རྡུ་ཉི་ཞི་ཡའི་ཤིང་ཏ་ལའི་སྣུམ། ཨུ་རུ་སུའི་རྣམ་པ་གསར་པའི་ཐད་འཕུར་གནམ་གྲུ་དང་རླངས་འཁོར་བཅས་ཐོན་རྫས་སྣ་ཚོགས་ཡོད།

  
style="display:none;"