མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གཉིས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སེའི་
དཔལ་འབྱོར་དབུ་ཚོགས་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་དང་གསུང་བཤད་གནང་། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་07ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གཉིས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སེའི་
དཔལ་འབྱོར་དབུ་ཚོགས་མཇུག་སྒྲིལ་བའི་མཛད་སྒོར་ཞུགས་པ་དང་གསུང་བཤད་གནང་།

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སེའི་དཔལ་འབྱོར་དབུ་ཚོགས་མཇུག་སྒྲིལ་མཛད་སྒོར་ཞུགས་པ་རེད། 
    ཞི་ཕིན་ཕིང་གིས་གསུང་བཤད་ནང་དུ་བསྟན་དོན། ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱས་ནས། གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེ་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་། མུ་མཐུད་ནས་འཕེལ་རྒྱས་ཀྱི་ཕྱི་ནང་གཉིས་ཀའི་མཉམ་འགུལ་རང་བཞིན་ཇེ་མཐོར་གཏོང་རྒྱུ། རང་ཉིད་འཕེལ་རྒྱས་མངོན་འགྱུར་འབྱུང་བ་དང་མཉམ་དུ་རྒྱལ་ཁབ་དང་མི་དམངས་གཞན་དག་ལའང་ཕན་པ་བསྐྲུན་རྒྱུ་ཡིན། ཧྥ་རན་སེ་དང་ཡོ་རོབ་བཟོ་ཚོང་ལས་རིགས་ལ་མཚོན་ན། ཀྲུང་གོའི་འཕེལ་རྒྱས་ནི་གོ་སྐབས་བཟང་པོ་ཞིག་རེད། ཀྲུང་གོའི་སྒོ་ཆེན་ནི་ནམ་ཡང་འཛམ་གླིང་ལ་འབྱེད་རྒྱུ་ཡིན་ཞིང་། ཧྥ་རན་སེ་དང་ཡོ་རོབ་ཀྱི་སྒོ་ཆེན་ཡང་ཀྲུང་གོའི་མ་རྩ་འཇོག་མཁན་ལ་འདྲ་མཉམ་ངང་འབྱེད་པའི་རེ་བ་ཡོད། 
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཐད་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཡོད་ཅིང་། ཧྥ་རན་སེ་དང་ཡོ་རོབ་མཉམ་དུ། སྣེ་མང་ཉོ་ཚོང་ལམ་ལུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རེའི་རིང་ལུགས་ལ་ངོ་རྒོལ་བྱས་ནས། རང་མོས་སྒོ་དབྱེ་ཡི་ཉོ་ཚོང་དང་མ་རྩ་འཇོག་པའི་སྲིད་ཇུས་ཁོར་ཡུག་ཅིག་བསྐྲུན་ནས། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་ལ་སྒུལ་ཤུགས་སྤྲོད་པའི་རེ་བ་ཡོད། 
      མ་ཁེ་ལུང་གིས་བསྟན་དོན། ཧྥ་རན་སེས་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེ་ལ་ཚད་མཐོན་པོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། མ་འོངས་པར་ཧྥ་རན་སེ་ཚུད་པའི་རྒྱལ་ཁབ་ཁག་ལ་གོ་སྐབས་གལ་ཆེན་མཁོ་སྤྲོད་བྱེད་པར་ཡིད་ཆེས་ཡོད། ཧྥ་རན་སེའི་ཁེ་ལས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་མུ་མཐུད་དུ་ཀྲུང་གོའི་ཁྲོམ་ར་རྒྱ་བསྐྱེད་རྒྱུ་ཡིན། ཧྥ་རན་སེ་དང་ཡོ་རོབ་ཀྱིས་ཀྱང་ཀྲུང་གོར་ཁྲོམ་ར་སྒོ་འབྱེད་ནས། ཀྲུང་གོའི་ཁེ་ལས་པས་མ་རྩ་འཇོག་པར་དགའ་བསུ་ཞུ་རྒྱུ་དང་། ཁོང་ཚོ་ལ་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་མཁོ་འདོན་བྱ་རྒྱུ་ཡིན། ཧྥ་རན་སེ་དང་ཀྲུང་གོ། ཡོ་རོབ་དང་ཀྲུང་གོ་ཡིས་གནམ་གཤིས་འགྱུར་ལྡོག་དང་། འཛམ་གླིང་དཔལ་འབྱོར་རྩ་འཛུགས་སྒྱུར་བཅོས། སྣེ་མང་དཔལ་འབྱོར་མ་ལག་སྲུང་སྐྱོང་སོགས་ཀྱི་ཐད་ནས་སྙོམ་སྒྲིག་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། 
    དབྱང་ཅེ་ཁྲི་དང་། ཧུའུ་ཁྲུན་ཧྭ། ཝང་དབྱི། ཧོ་ལི་ཧྥེང་སོགས་གོང་གི་བྱེད་སྒོར་ཞུགས་ཡོད། 

  
style="display:none;"