མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་དང་
མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་24ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་དང་
མཇལ་འཛོམས་གནང་བ།

ཟླ་11ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་དང་མཇལ་འཛོམས་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་དང་མཇལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་མཁྱེན་ལྡན་མ་ཀེ་ཨོར་ཅི་ཡེ་ཝ་ཀྲུང་གོར་འཚམས་འདྲིར་ཐེངས་དང་པོ་ཕེབས་པར་དགའ་བསུ་ཞུས་ཤིང་། ཞི་ཅིན་ཕིང་གིས། མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་འགོར་དུ་འགྲོ་བ་དང་། ཉམས་ཉེན་ཆེ་རུ་འགྲོ་བ། སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འདེགས་པ། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་འགྲན་སློང་དྲག་པོ་འཕྲད་པ་བཅས་ཀྱི་དུས་འདིར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ནུས་པ་འདོན་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རེ་བ་དེ་བས་མཐོ་པོ་བཅོལ་ཡོད། སླད་ཕྱིན་ཁྱེད་ཀྱི་འགོ་ཁྲིད་འོག་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་དངུལ་ལོར་དང་དེའི་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་གཏམ་བཤད་སྤེལ་དབང་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་གསུམ་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་དར་སྤེལ་ཧུར་ཐག་བཏང་སྟེ། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཚོང་དོན་ལམ་སྲོལ་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། སླད་ཕྱིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཚོང་དོན་གྲོས་རིམ་ནང་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། གཞུང་དྲང་སྒོ་དབྱེའི་གོ་ལ་ཧྲིལ་པོའི་དངུལ་རྩའི་ཁྲོམ་རར་སྲུང་སྐྱོང་བྱ་རྒྱུ་དང་རྒྱལ་སྤྱིའི་སྒྲིག་ལམ་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་མངོན་མེད་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་མཉམ་ལས་ཡག་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་མཉམ་ལས་བྱ་ཚུལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཆ་མཚོན་ན། མཉེན་ཤུགས་ཧ་ཅང་ཆེན་པོ་དང་། མི་མངོན་པའི་ནུས་ཤུགས་ཆེན་པོ། བརྐྱང་བསྐུམ་བྱ་གཞི་ཆེན་པོ་བཅས་ཡོད་པས། དཔལ་འབྱོར་ཡུན་རིང་འཕེལ་རྒྱས་འགྲོ་བའི་རྣམ་པར་འགྱུར་བ་ཡོང་མི་སྲིད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་ཆུ་ཚད་སྔར་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་གོ་སྐབས་སྔར་བས་མང་པོ་ཐོབ་པར་བྱ་རྒྱུ་ཡིན། ང་ལ་ཀྲུང་གོ་མུ་མཐུད་འཕེལ་རྒྱས་ཡོང་བའི་གདེང་ཚོད་ཆེན་པོ་ཡོད་ཅེས་ནན་བཤད་གནང་བ་རེད།
    ཀེ་ཨོར་ཅི་ཡེ་ཝས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དང་སྦྲགས། དུས་སང་ཀྲུང་གོ་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་རྒྱུ་ཡིན་པ་དེ་ཀྲུང་གོ་དང་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་ཞིག་རེད་ཅེས་གསུངས་པ་རེད། ཁོང་གིས། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད། དཔལ་འབྱོར་མུ་མཐུད་འཕེལ་ཤུགས་ཆེན་པོས་འཕར་ཡོད། ཀྲུང་གོས་འབྱུང་འགྱུར་དངུལ་རྩ་དང་མ་རྩ་སོགས་ཁྱབ་ཁོངས་ཁག་ཚང་མའི་སྒོ་མོ་མུ་མཐུད་འབྱེད་རྒྱུ་ཡིན་པའི་ཡིད་ཆེས་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་མུ་མཐུད་མཐོང་ཆེན་བྱེད་པ་དང་འབྲེལ། ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན། མིག་སྔར་རྒྱལ་ཁབ་འགའ་རེས་ཚོང་དོན་འཁྲུག་རྩོད་བསླངས་པ་ལས་འཛམ་གླིང་གི་དཔལ་འབྱོར་དཀའ་ཚེགས་གནས་སུ་གྱར་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་རང་མོས་དང་སྒོ་དབྱེའི་ཚོང་དོན་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་དང་སྲུང་སྐྱོང་གིས་ཞི་བདེའི་ཚོང་དོན་འབྲེལ་བ་ཞིག་ཆགས་པ་ཧུར་ཐག་བྱ་རྒྱུ་ཡིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ལ་དུས་བབ་དང་བསྟུན་ནས་སྒྱུར་བཅོས་བྱས་ཏེ། དཔལ་འབྱོར་དངོས་ཚན་གསར་པའི་གསོན་ཤུགས་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྔར་བས་འཕེལ་རྒྱས་ཡག་པོ་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"