མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་2019ལོའི“དཔལ་འབྱོར་གསར་གཏོད་གླེང་སྟེགས”ལ་ཞུགས་མཁན་ཕྱི་
རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་24ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་2019ལོའི“དཔལ་འབྱོར་གསར་གཏོད་གླེང་སྟེགས”ལ་ཞུགས་མཁན་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།
     ཞི་ཅིན་ཕིང་གིས། གསར་གཏོད་ནི་ད་ཆའི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ཞིག་རེད། འཛམ་གླིང་གིས་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འགྱུར་ལྡོག་མགྱོགས་མྱུར་ཕྱིན་ཡོད། མིའི་རིགས་ལ་འཕྲད་པའི་ཐུན་མོང་འགྲན་སློང་ལ་རྒྱལ་ཁབ་ཁག་གིས་མཉམ་དུ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། རྒྱལ་ཁབ་གང་ཞིག་རུང་རང་ཚུགས་ཀྱི་གསར་གཏོད་ལྟེ་བར་འགྱུར་མི་སྲིད་ལ། གསར་གཏོད་གྲུབ་འབྲས་ཀྱང་རང་གཅིག་པུས་ལོངས་སུ་སྤྱོད་རྒྱུ་མེད། གསར་གཏོད་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་པ་བྱེད་དགོས་པ་ལས། བྲག་ཕུག་ནང་སྦས་པའི་ནོར་བུར་འགྱུར་མི་རུང་། ཀྲུང་གོ་དང་ཨ་རི་སོགས་རྒྱལ་ཁབ་ནི་གསར་གཏོད་རྒྱལ་ཁབ་ཆེན་པོ་རེད། ཀྲུང་གོས་ཨ་རི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་གསར་གཏོད་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་བདེ་རྩ་དེ་བས་བཟང་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
      ཞི་ཅིན་ཕིང་གིས། ཀྲུང་གོ་ནི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། ལོ་རྒྱུས་ཐོག་གི་གསར་གཏོད་ཆེན་པོ་བཞིས་དེ་སྔ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཉལ་ཐའི་དམག་འཁྲུག་ལངས་ཚུན། ཀྲུང་གོ་འདི་ཉིད་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་ཚུད་མོད། འོན་ཀྱང་ཀྲུང་གོ་མི་དམངས་ཚོས་མགོ་བོ་མི་སྒུར་བར་འབད་བརྩོན་ཆེན་པོས་མི་རིགས་བསྐྱར་དར་གྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་ཚུན་དུ། ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་རྩ་བའི་རྒྱུ་རྐྱེན་ནི་ང་ཚོས་ཀྲུང་གོའི་རྒྱལ་བབ་དང་འཚམ་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ། མི་དམངས་མང་ཚོགས་ཚོས་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་བཅས་ཀྱི་ཡང་དག་པའི་འགྲོ་ལམ་རྙེད་པ་དེ་ཡིན། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཡིན། ད་ཆ་ཀྲུང་གོ་མི་དམངས་ཚོས་གདེང་ཚོད་ཀྱིས་ཁེངས་བཞིན་དུ་བློ་བརྟན་འགྱུར་མེད་ངང་འགྲོ་ལམ་དེ་བརྒྱུད་ནས་སྐྱོད་རྒྱུ་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པ་བཏོན་ཡོད་མོད། འོན་ཀྱང་ཕུགས་འདུན་འདི་ནི“བཙན་དབང་གི་ཕུགས་འདུན”ཞིག་རྩ་བ་ནས་མིན། ང་ཚོས་སུ་ཞིག་གི་ཚབ་བྱེད་ཆེད་དུ་གྲ་སྒྲིག་བྱས་པ་ཞིག་མིན་པར། ཀྲུང་གོར་དབང་བའི་ལ་རྒྱ་དང་གནས་བབ་སླར་གསོ་བྱ་ཆེད་དུ་ཡིན། ང་ཚོར་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་མོད། འོན་ཀྱང་ང་ཚོས་འཛམ་གླིང་ཐོག་རྫིག་རལ་མི་ངོམས་པར། “བསྟུན་ཡང་གཅིག་མཚུངས་མི་བྱེད་པའི”སྲོལ་རྒྱུན་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ཏེ། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གཉིས་ཕན་མཉམ་ལས་ལ་གཞོལ་རྒྱུ་ཡིན། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་ཐད་བློ་ཁོག་ཆེན་པོས་གསར་གཏོད་དང་འཚོལ་ཞིབ་ཡང་ཡང་བྱས་པ་མ་ཟད། འགོག་རྐྱེན་ཇི་ཙམ་འཕྲད་ན། དེ་ཙམ་གྱིས་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ཡོད། ངས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེ་དང་། ཨ་རིའི་ནོར་སྲིད་པུའུ་ཀྲང་ཟུར་པ་པོར་སེན། ཨེ་ཅིབ་ཡུལ་སྐོར་པུའི་པུའུ་ཀྲང་མཱ་ཧྲ་ཐེ། རི་པིན་གྱི་ཕྱི་བློན་ཟུར་པ་ཁྲོན་ཁའོ་ཧྲུན་ཙེ། སུའེ་ཙེར་ཡིད་རྟོན་ཚོགས་པའི་གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཐན་ཐེན་ཀྲུང་སོགས་ཕྱི་རྒྱལ་གྱི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་བྱས་ཤིང་། ཁོ་ཚོས་ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་རེད།

  
style="display:none;"