མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱུང་བའི་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་
ཆེ་མོ་བས་ཕུལ་བའི་རྒྱལ་ཁབ་ཀྱི་གཞུང་ཡིག་བཞེས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་24ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོ། མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་དུ་བསྐོ་བཞག་བྱུང་བའི་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེ་མོ་བ་19ཡིས་ཕུལ་བའི་རྒྱལ་ཁབ་ཀྱི་གཞུང་ཡིག་བཞེས་པ་རེད།
      མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོའི་ཕྱིར། གུས་དམག་ཚོས་རུ་སྟར་གྲལ་འགྲིག་པོ་སྒྲིག་པ་དང་། དུང་བརྡ་གཏོང་མཁན་གྱིས་མགྲོན་བསུའི་དུང་བརྡ་བཏང་བ་རེད། གཞུང་ཚབ་ཆེ་མོ་བ་རྣམས་བསྟུད་མར་འབྱོར་ཏེ་ས་གདན་དམར་པོ་བཏིང་བའི་རྡོ་སྐས་རེ་རེ་བཞིན་འཛེགས་ནས་པེ་ཅིང་ཚོམས་ཆེན་དུ་ཕེབས་ནས་གོ་རིམ་བཞིན་ཞི་ཅིན་ཕིང་ལ་རྒྱལ་ཁབ་ཀྱི་གཞུང་ཡིག་ཕུལ་བ་རེད། ཁོང་ཚོ་ནི་ལ་ཐེ་ཝེ་ཡའི་གཞུང་ཚབ་ཆེ་མོ་བ་མཱ་ཉི་ཁཱ་དང་། འབར་མའི་གཞུང་ཚབ་ཆེ་མོ་བ་མེའོ་ཏེན་ཧྥེ། ཧོ་ལན་གྱི་གཞུང་ཚབ་ཆེ་མོ་བ་ཧེ་ཝེ་མིང་། ཅོར་ཏན་གྱི་གཞུང་ཚབ་ཆེ་མོ་བ་ཧའོ་སའེ་ཉི། སི་ལོ་ཝེ་ཉི་ཡའི་གཞུང་ཚབ་ཆེ་མོ་བ་སུའུ་ལན། ཁ་ན་ཏའི་གཞུང་ཚབ་ཆེ་མོ་བ་པའོ་ཏ་མིང་། པོ་ཁི་ན་ཧྥ་སོ་ཡི་གཞུང་ཚབ་ཆེ་མོ་བ་ཁུང་པོའོ་ལེ། ལོ་སིའི་གཞུང་ཚབ་ཆེ་མོ་བ་ཁན་པའོ། པུ་རུ་ནེ་ཡི་གཞུང་ཚབ་ཆེ་མོ་བ་ལཱ་ཧེ་མཱ་ཉི། ཝེ་ཐེ་ནམ་གྱི་གཞུང་ཚབ་ཆེ་མོ་བ་ཧྥན་ཤིན་མེ། ཁོ་སི་ཐ་རི་ཁ་ཡི་གཞུང་ཚབ་ཆེ་མོ་བ་ཏེར་ཅཱ་ཏོ། བྷང་ག་ལའི་གཞུང་ཚབ་ཆེ་མོ་བ་ཀྲ་མན། རུ་ཝང་ཏ་ཡི་གཞུང་ཚབ་ཆེ་མོ་བ་ཅི་མོ་ཉི་ཨའོ། ཐེ་ལན་གྱི་གཞུང་ཚབ་ཆེ་མོ་བ་ཨ་ཐཱ་ཡུས། ཨེ་ཅིབ་ཀྱི་གཞུང་ཚབ་ཆེ་མོ་བ་པཱ་ཏེ་ལི། ཕ་ན་མ་ཡི་གཞུང་ཚབ་ཆེ་མོ་བ་ཀན་ལིན། སིང་ཀ་ཕོར་གྱི་གཞུང་ཚབ་ཆེ་མོ་བ་ལུའུ་ཏེ་ཡའོ། ཧ་སག་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཁོ་དབྱི་ཧྲེ་པཱ་ཡེ་ཧྥུའུ། ཁུ་པའི་གཞུང་ཚབ་ཆེ་མོ་བ་ཧྥེ་ལེ་ལཱ་བཅས་ཡིན་པ་རེད།

  
style="display:none;"