མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་26ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀེ་ལེ་སི་ལའོ་ཧྥུའུ་ཡིས་འགོ་ཁྲིད་པའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་། 
    ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གིས་འཐུས་མི་ཚོགས་ཆེན་སྐབས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀེ་ལེ་སི་ལའོ་ཧྥུའུ་ཡིས་འགོ་ཁྲིད་པའི་འཐུས་མི་ཚོགས་པ་ཀྲུང་གོར་ཡོང་ནས་ཀྲུང་གོ་དང་ཨུ་རུ་སུའི་སྲིད་འཛིན་ཏང་གི་གླེང་མོལ་ལམ་ལུགས་ཐེངས་བདུན་པའི་གྲོས་ཚོགས་ལ་ཞུགས་པ་དགའ་བསུ་ཞུས།
    ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུ་བར་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བ་དང་། ང་དང་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོ་དང་ཨུ་རུ་སུ་བར་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་འདེགས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དང་། ཐུན་མོང་ངང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སོ་སྲུང་རོགས་རེ་དང་། མཉམ་འདྲེས་གཏིང་ཟབ། གསར་གཏོར་རྒྱ་བསྐྱེད། གཉིས་ཕན་མཉམ་རྒྱལ་གྱི་དམིགས་ཡུལ་དང་ཁ་ཕྱོགས་ལ་གཏད་ནས་མདུན་སྐྱོད་བྱ་རྒྱུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་ཡོད། མིག་སྔའི་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་བར་ནུས་པ་ལྡན་པའི་འཐབ་ཇུས་འདེགས་སྐྱོར་ལ་གྱུར་ཞིང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས། 
    ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཏང་ནི་རྒྱལ་ཁབ་གཉིས་པོའི་སྲིད་འཛིན་ཏང་ཡིན་པའི་ཆ་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཐོབ་འཇུག་པའི་འོས་འགན་དང་འགན་འཁྲི་འཆང་ཡོད། ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མིས་བགྲོ་གླེང་གང་ལེགས་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་འདེགས་གཏིང་ཟབ་གཏོང་བ་དང་། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡར་སྐུལ་ལ་བློ་གྲོས་དང་ནུས་པ་ལེགས་སྐྱེས་འབུལ་དགོས་ཞེས་བསྟན།
    ཀེ་ལེ་སི་ལོ་ཧྥུུའུ་ཡིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཞི་ཅིན་ཕིང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་གི་འཐུས་ཚོགས་དང་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྔ་ན་མེད་པའི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་ཏུ་ཕན་ཚུན་གཉིས་ཕན་མཉམ་ལས་འཕེལ་རྒྱས་འགྲོ་བཞིན་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཚ་ཤོས་ཐད་ནས་མཉམ་དུ་འབད་བརྩོན་བྱས་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅིང་། གཅིག་གྱུར་ཨུ་རུ་སུའི་ཏང་ལ་ཀྲུང་གོ་གུང་ཁྲན་ཏང་བར་དང་མཉམ་འབྲེལ་བགྲོ་གླེང་ཤུགས་སྣོན་དང་། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་འདེགས་རོགས་ཟླའི་འབྲེལ་བ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་གཏོང་བའི་འདུན་པ་ཡོད་པ་བསྟན། 

  
style="display:none;"